འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་རིས་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་སྐྱོད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་22ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ལྷ་རིས་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་སྐྱོད་པ།
         མི་དམངས་དྲ་བའི་འཕྲིན། ཐང་ག་ནི་བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་མཚོན་བྱེད་གལ་ཆེན་ཞིག་ཡིན་ལ། བོད་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད། ཁྱབ་སྤེལ་བྱེད་ཐབས་རྣམ་པ་འདྲ་མིན་སྣ་ཚོགས་བྱུང་བ་དང་ཆབས་ཅིག་ཐང་ག་ཐོན་ལས་དང་ཐོན་ལས་གཞན་དག་བར་གྱི་ལས་གཉེར་འབྲེལ་བ་བྱེད་ཚད་དང་མཉམ་འདྲེས་བྱེད་ཚད་ཉིན་བཞིན་ཇེ་དམ་དུ་སོང་བ་དེས་འབྲེལ་ཡོད་ཐོན་རྫས་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་ཧ་ཅང་ཆེན་པོ་བྱས་པ་རེད།      
         ཉེ་བའི་ལོ་ཤས་རིང་ལ་། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་། བོད་ལྗོངས་ཀྱི་ཐང་ག་འཕེལ་རྒྱས། དེ་བཞིན་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་རྫས་རྒྱུད་འཛིན་དང་གསར་གཏོད་བཅས་ཀྱི་ཐད་ནས་བལྟས་ནས་བོད་རང་སྐྱོང་ལྗོངས་རིག་གནས་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཐང་ག་བརྩམས་ཆོས་སྒྲིག་འཛུགས་བྱས་ནས་འགྲེམས་སྟོན་ཆེ་གྲས་ལ་ཐེངས་མང་ཞུགས་པ་རེད། གོང་གི་པར་རིས་ནི་ལྷ་རིས་པ་དགེ་རྒན་ཕུན་ཚོགས་ལགས་ཀྱིས་རི་མོ་འབྲི་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།