འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅༎བོད་ལྗོངས་སུ་ཕ་མ་དང་བུ་ཕྲུག་གིས་མཉམ་དུ་དཔེ་དེབ་ཀློག་པའི་བྱེད་སྒོ་སྤེལ་ནས་ཕན་ཚུན་
    བར་གྱི་བརྩེ་བ་ཇེ་ཟབ་ཏུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་01ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
    ༄༅༎བོད་ལྗོངས་སུ་ཕ་མ་དང་བུ་ཕྲུག་གིས་མཉམ་དུ་དཔེ་དེབ་ཀློག་པའི་བྱེད་སྒོ་སྤེལ་ནས་ཕན་ཚུན་
བར་གྱི་བརྩེ་བ་ཇེ་ཟབ་ཏུ་བཏང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་30ཉིན། "ཁྱིམ་མིའི་རོགས་སྐྱོར་འོག་དཔེ་ཀློག་བྱས་ཏེ། དེབ་ཀྱི་དྲི་བསུང་འཐུལ་བའི་བོད་ལྗོངས་བསྐྲུན"ཞེས་པའི"དྲུག་གཅིག"བྱིས་པའི་དུས་ཆེན་གྱི་དཔེ་ཀློག་ཚོགས་འདུ་ལྷ་སར་འཚོགས། རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བྱེད་སྒོ་ནི་ཁྱིམ་ཚང་ནང་དུ་དཔེ་ཀློག་གི་གོམས་སྲོལ་ཆགས་སུ་འཇུག་རྒྱུར་དམིགས་པ་རེད་འདུག་ལ། བུ་ཕྲུག་དཔེ་དེབ་ལྟ་བར་དགའ་མོས་དང་། ཕ་མ་དང་བུ་ཕྲུག་གིས་ལྷན་ཏུ་དཔེ་དེབ་ལྟ་བ་མངོན་འགྱུར་བྱེད་པའི་ཆེད་ཡིན་འདུག 
         བྱེད་སྒོའི་ཁྲོད། བྱིས་པ་ཆུང་ངུ་དག་གིས་སྙན་ངག་གྱེར་འདོན་དང་། དུས་མཚུངས་སུ་ཕ་མ་དང་བུ་ཕྲུག་མཉམ་ཏུ་དཔེ་ཀློག་བྱེད་པའི་བརྙན་ཐུང་དང་། ལག་གདང་སྦྲེལ་བའི་སྤྱི་ཕན་དྲིལ་བསྒྲགས་ཀྱི་བརྙན་སྟོན་པ་དང་ཕན་ཚུན་ལེགས་སྐྱེས་འབུལ་རེས་བྱེད་པ་རེད། 
         གྲོང་མི་ལི་ལགས་ཀྱིས། "ད་ཐེངས་ཀྱི་བྱེད་སྒོ་འདིར་དོན་སྙིང་ཆེན་པོ་ལྡན་ལ། ང་དང་ངའི་ཕྲུ་གུའི་བར་ཐག་ཇེ་ཉེར་ཕྱིན་སོང་། སྔོན་ཆད་ནམ་རྒྱུན་ཁ་པར་རྩེ་བ་ལས་ཕྲུ་གུ་དང་མཉམ་དུ་དཔེ་དེབ་ལྟ་བ་ཤིན་ཏུ་ཉུང་། བྱེད་སྒོ་འདི་བརྒྱུད་ནས་ངས་ཕྲུ་གུ་དང་འགྲོགས་ནས་དཔེ་དེབ་མང་ཙམ་བལྟས་ཏེ། ཕན་ཚུན་བར་འབྲེལ་བ་ཇེ་ཟབ་ཏུ་གཏོང་དགོས་འདུག་སྙམ་པའི་ཚོར་སྣང་བྱུང"ཟེར། 
         "དེ་རིང་དཔེ་དེབ་ལྟ་བའི་ཚོགས་འདུ་འདིར་ཞུགས་པར་སྤྲོ་བས་བརྟས་ཡོད། ང་དུས་རྒྱུན་དཔེ་དེབ་བྱ་རྒྱུར་དགའ་ལ། 'དྲུག་གཅིག'བྱིས་པའི་དུས་ཆེན་གྱི་ལེགས་སྐྱེས་ཐོབ་པས་དེ་བས་དགའ་ཡོང་གི་འདུག"ཅེས་གྲོགས་པོ་ཆུང་ཆུང་བཀྲ་ཤིས་རྡོ་རྗེ་ཀྱིས་དེ་ལྟར་ཟེར། 
         བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐོར་ཞིབ་པ་ཟུར་པ་ཏིང་ཞའོ་ཧུང་གིས། ད་ཐེངས་ཀྱི་དཔེ་དེབ་ལྟ་བའི་ཚོགས་འདུ་དང་བསྟུན་ནས་དམངས་ཡོངས་ཀྱིས་དཔེ་ཀློག་བྱེད་པའི་བསམ་བློ་ཁྱིམ་ཚང་མང་པོར་དྲིལ་བསྒྲགས་བྱས་ནས། བྱིས་པས་དཔེ་ཀློག་བྱ་བར་སྤྱི་ཚོགས་ཡོངས་ཀྱིས་དོ་སྣང་བྱེད་པ་དང་། བྱེད་སྒོ་འདིར་ཞུགས་ནས། ཁྱིམ་མི་དང་ཕྲུ་གུའི་བར་གྱི་འབྲེལ་བ་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བའི་རེ་བ་ཡོད་ལ། ཁྱིམ་བདག་མང་པོ་ཞིག་བྱིས་པ་དང་འགྲོགས་ནས་དཔེ་ཀློག་བྱ་བར་བསྐུལ་ནས། ཕ་མ་དང་བུ་ཕྲུག་བར་བརྩེ་བ་མཉམ་མྱོང་དང་བདེ་སྐྱིད་ལ་རོལ་བའི་ཆེད་དུ་ཡིན་ཟེར།
      

    ཕྱོགས་བསྡུས་གསར་འགྱུར།