འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱིས་2017ལོའི་གྲངས་ཉུང་མི་རིགས་འཕེལ་རྒྱས་མ་དངུལ་སྒོར་
    དུང་ཕྱུར་2ལྷག་ཙམ་གཤམ་སྤྲོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་01ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། ཉེ་ཆར་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་གྲངས་ཉུང་མི་རིགས་འཕེལ་རྒྱས་མ་དངུལ་སྒོར་དུང་ཕྱུར་2.0257ཐད་ཀར་གྲོང་ཁྱེར་དང་ཁུལ་ཁག་གི་རྫོང་དང་ཆུས་39ལ་གཤམ་སྤྲོད་བྱས་ཏེ་མི་འབོར་ཅུང་ཉུང་བའི་མི་རིགས་འདུས་སྡོད་གྲོང་ཚོའི་འཆར་འགོད་ལས་འགན་འཛུགས་སྐྲུན་ཐད་གཙོ་བོ་སྤྱོད་རྒྱུ་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། གྲངས་ཉུང་མི་རིགས་འཕེལ་རྒྱས་མ་དངུལ་རྣམ་གྲངས་ནང་གྲོང་ཚོའི་འགྲོ་ལམ་རྒྱས་སྐྲུན་དང་ཨར་འདམ་དུ་འགྱུར་བ་དང་། ཆུ་བེད་འཛུགས་སྐྲུན། ཕྱུགས་རིགས་གསོ་ཚགས། ཁྱད་ལྡན་འདེབས་འཛུགས། གྲོང་གསེབ་ཁོར་ཡུག མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོབ། རྫབ་རླངས་རྫིང་བུ་དང་གསང་སྤྱོད་སྒྱུར་བཀོད་སོགས་ཀྱི་ལས་གྲྭ་ཚུད་པ་མ་ཟད། ད་དུང་གཞི་རིམ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད།
         གཞན་ཡང་། 2011ལོ་ནས་2016ལོ་བར་རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱིས་མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་འཕེལ་རྒྱས་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར་9.1877བཏང་སྟེ་ཞིང་ཆེན་ཡོངས་ཀྱི་མི་རིགས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཡིན་པའི་རྣམ་པར་ནུས་ཤུགས་ཡོད་རྒུས་ལེགས་སུ་གཏོང་བ་དང་། གྲངས་ཉུང་མི་རིགས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་ཁག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།