འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡིས་རྨང་གཞིའི་སྒྲིག་བཀོད་གལ་ཆེན་གྱི་PPPརྣམ་གྲངས་20དང་གན་རྒྱ་བཞག་པ།

    མ་དངུལ་སྒོར་དུང་ཕྱུར་740.5བསྡུ་སྒྲིལ་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་01ཉིན། 11:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་29ཉིན་གྱི་ཕྱི་དྲོ། ཀན་སུའུ་ཞིང་ཆེན་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་གྱི་PPPརྣམ་གྲངས་ཀྱི་མ་དངུལ་བསྡུ་སྒྲིལ་དང་འཛུགས་སྐྲུན་གན་འཇོག་མཛད་སྒོ་ཏུན་ཧོང་གྲོང་ཁྱེར་དུ་གཉེར་བ་རེད། ཚོགས་འདུའི་ཐོག་རྣམ་གྲངས་20གཅིག་སྡུད་ཐོག་གན་རྒྱ་བཞག་པར་ཚོད་རྩིས་རགས་ཙམ་བྱས་ན་མ་དངུལ་སྒོར་དུང་ཕྱུར་740.5བསྡུ་སྒྲིལ་ཐུབ་རྒྱུ་ཡིན་པ་རེད།
          དེའི་ནང་གཞུང་ལམ་རྣམ་གྲངས་13གྱི་ལམ་ཐག་ཧྲིལ་པོར་ཁྱོན་བསྡོམས་སྤྱི་ལེ་1332ལ་མ་དངུལ་སྒོར་དུང་ཕྱུར་250.5བསྡུ་སྒྲིལ་ཐུབ་པ་དང་། ལྕགས་ལམ་རྣམ་གྲངས་4(མྱུར་བགྲོད་ལྕགས་ལམ་རྣམ་གྲངས)ལ་མ་དངུལ་སྒོར་དུང་ཕྱུར་200བསྡུ་སྒྲིལ་ཐུབ་པ། དམངས་སྤྱོད་མཁའ་འགྲུལ་རྣམ་གྲངས་གཅིག་(ལན་ཀྲོའུ་ཀྲུང་ཁྲོན་རྒྱལ་སྤྱིའི་གནམ་ཐང་གི་དུས་ཐེངས་གསུམ་པའི་རྒྱས་བསྐྲུན་ལས་གྲྭ)ལ་མ་དངུལ་སྒོར་དུང་ཕྱུར་120བསྡུ་སྒྲིལ་ཐུབ་པ། གཞན་ཡང་དངུལ་རྩའི་གྲོས་མཐུན་2བཞག་པ་དང་མ་རྩའི་དངུལ་བསྡུ་སྒྲིལ་གྱི་སྒྲོམ་གཞིའི་གྲོས་མཐུན་ལ་ཡིད་རྟོན་དངུལ་གྲངས་སྒོར་དུང་ཕྱུར་170ཟིན་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།