འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།སྐལ་བཟང་མེ་ཏོག་དང་བླངས་པ"ཆི་ཆི་གཅེས་སེམས་ཚོགས་པས"བོད་རིགས་བྱིས་པར་
    རོགས་རམ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་01ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཅང་ནན་སྐབས་དོན་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཡན་ཆིང་ནི་ཅང་སུའུ་བཟོ་ལས་གླིང་ཤིང་ཧའེ་ཁུལ་དུ་བསྡད་པའི་སྐྱེད་མ་དཀྱུས་མ་ཞིག་རེད། ཁོང་དང་ཟླ་བོར་གཅེས་སུ་རུང་བའི་བུ་མོ་གཉིས་ཡོད་པ་དང་། ཁོང་གི་ཁྱིམ་ཚང་དྲོ་སྐྱིད་ལྡན་ལ་གྲོང་པ་ཁྱིམ་མཚེས་དབར་ཧ་ཅང་འཆམ་མཐུན་ཡོད་པ་རེད། ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་གཞན་ལ་ཕན་འདོགས་པ་དང་། ཁོང་ལ་བདེ་སྐྱིད་ཐད་གཞན་དང་མི་འདྲ་བའི་བསམ་བློ་གཏོང་སྟངས་ཤིག་ཡོད་པས། རྒྱུས་མངའ་ཡོད་མཁན་ཚོས་ཁོང་ལ“ཆི་ཆི”ཞེས་འབོད་ཀྱི་ཡོད།
         2005ལོར། ཆི་ཆི་དང་ནན་ཅིང་གི་གྲོགས་མོ་ཞིག་མཉམ་དུ་ཡུལ་སྐོར་ལ་སྐྱོད་སྐབས། རི་ཁུལ་གྱི་ལམ་རྒྱུད་དུ་གཞིས་ལུས་བྱིས་པ་སློབ་མཚམས་ཆད་པ་དང་དབུལ་ཕོངས་ཀྱི་གནས་སུ་གྱར་བ་མཐོང་སྐབས་ཁོང་གཉིས་ཧ་ལས་ཧང་སངས་ཀྱི་གནས་སུ་འགྱུར། བློ་སེམས་གཅིག་མཐུན་གྱི་ན་གཞོན་དེ་གཉིས་གྲོས་བསྡུར་བྱས་རྗེས་སྙིང་རྗེ་སྐྱེ་འོས་པའི་ཕྲུ་གུ་དེ་དག་གི་ཆེད་དུ་ལས་དོན་ཕྲན་ཙམ་བསྒྲུབ་རྒྱུའི་ཐག་བཅད། ལོ་ཤས་རིང་ཁོང་ཨན་ཧུའེ་དང་། ཅང་སུའུ། ཅང་ཤིས། ཀུའེ་ཀྲོའུ། ཡུན་ནན། ཀན་སུའུ་སོགས་ས་ཁུལ་དུ་བསྐྱོད་མྱོང་ཡོད་པ་དང་། ད་བར་ཁོང་སྤྱི་ཕན་བྱེད་སྒོར་ཐེངས་མང་ཞུགས་པ་བརྒྱུད་སློབ་མ་དབུལ་པོ་སྟོང་ཕྲག་འགའ་ཤས་ལ་མ་དངུལ་གྱི་རོགས་རམ་ཐོབ་ཡོད། བརྒྱུད་རིམ་དེའི་ཁྲོད་ཁོང་རང་ཉིད་ཀྱིས་ཀྱང་སློབ་མ་དབུལ་པོ་བཅུ་ལྷག་ཙམ་ལ་ཞལ་འདེབས་བརྒྱབ་ཡོད་པ་རེད།
         2015ལོར་ཆི་ཆི་མཚོ་སྔོན་ཞིང་ཆེན་སྐལ་བཟང་མེ་ཏོག་དང་བླངས་རུ་ཁག་ནང་ཞུགས་པ་དང་། ལོ་གཅིག་སོང་རྗེས་ཁོང་གིས་ཅང་སུའུ་རུ“འཛམ་གླིང་ལ་ལྟ་བར”ཡོང་བའི་པཱ་ཡན་ཀེ་ལ་ཧྲན་ཆུས་མ་ལའེ་ས་མཐོའི་པཱ་ཀན་སློབ་ཆུང་གི་དགེ་སློབ་ཚོ་ངོ་ཤེས་པ་དང་། སློབ་གྲྭ་དེ་ས་བབ་མཐོ་རྐྱེན་གཅེས་སེམས་མི་སྣའི་སློབ་སྐྱོར་ཐོབ་མེད་པའི་གནས་ཚུལ་ཤེས་རྗེས་ཆི་ཆི་ཡིས་སུའུ་ཀྲོའུ་རུ་གཅེས་སེམས་ཚོགས་པ་ཞིག་རང་ཤུགས་སུ་བཙུགས་ནས་བོད་རིགས་ཕྲུ་གུ་དེ་དག་ལ་སེམས་རྣལ་དུ་ཕབ་ནས་རོགས་རམ་བྱས་པ་རེད།
         ཆི་ཆི་དང་ཟླ་བོ་གྲོང་ཁྱེར་མི་འདྲ་བར་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་བཞིན་ཡོད་མོད། འོན་ཀྱང་ལོ་བཅུ་ལྷག་ཙམ་རིང་ཁོང་གཉིས་ཀྱིས་བྱ་བ་གཅིག་མཚུངས་ཤིག་བསྒྲུབ་རྒྱུ་ཐུན་མོང་ཐོག་མཐའ་འཁྱོངས་བྱས་པ་སྟེ། སློབ་སྐྱོར་ཞལ་འདེབས་རྒྱག་པ་དང་དབུལ་སྐྱོར་དཀའ་སེལ་བྱེད་པ་དེ་རེད། བཟའ་ཚོ་གཉིས་ཀྱི་དང་བླངས་སྙིང་སྟོབས་དེས་མི་རབས་རྗེས་མར་ཤུགས་རྐྱེན་ཐེབས་ནས་2008ལོར་ཁོང་གཉིས་ཀྱི་ལོ་8ལ་སླེབས་མ་ཐག་པའི་བུ་མོ་ཆེ་བ་དང་བླངས་པ་དང་མཉམ་དུ་རི་ཁུལ་དུ་བསྐྱོད་དེ་བྱིས་པ་དབུལ་པོར་འཚམས་འདྲི་བྱས། ནང་མིའི་རྒྱབ་སྐྱོར་དང་རོགས་རམ་གྱིས་ཁོང་ལ་སྒུལ་ཤུགས་ཚད་མེད་ཤིག་སྦྱིན་པ་དང་། ཉིན་ལྟར་དགེ་ལས་བསྒྲུབ་རྒྱུར་དགའ་ལ་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཆུང་ཆུང་དེས་ཕྱི་ཕྱོགས་ལ་གཅེས་སེམས་ཀྱི་སྙིང་སྟོབས་ཤིག་རྒྱུན་ཆད་མེད་པར་བརྒྱུད་སྤེལ་བྱེད་བཞིན་མཆིས། 
      

    ཕྱོགས་བསྡུས་གསར་འགྱུར།