འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་སྐད་གློག་བརྙན་《བཅིངས་འགྲོལ་དམག་མི་》ཞེས་པ་ལྷ་ས་གྲོང་ཁྱེར་དུ་ཐོག་
    མར་བསྟན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་01ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་སྐད་གློག་བརྙན་《བཅིངས་འགྲོལ་དམག་མི་》ཞེས་པ་ལྷ་ས་གྲོང་ཁྱེར་དུ་ཐོག་
མར་བསྟན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་30ཉིན་གྱི་སྔ་དྲོར། བོད་སྐད་གློག་བརྙན་《བཅིངས་འགྲོལ་དམག་མི་》ཞེས་པ་ལྷ་ས་གྲོང་ཁྱེར་དུ་ཐོག་མར་བསྟན་པ་རེད། བོད་རིགས་འཁྲབ་སྟོན་པ་གྲགས་ཅན་སྟོབས་རྒྱལ་ལགས་སོགས་གློག་བརྙན་ཐོག་མར་བསྟན་པར་ཞུགས་ནས་གྲོང་མི་ཚོ་དང་མཉམ་དུ་གློག་བརྙན་བལྟས་པ་རེད།
         གློག་བརྙན་ནི་ཆབ་མདོ་གཡུལ་འགྱེད་ཀྱི་ལོ་རྒྱུས་དོན་རྐྱེན་རྒྱབ་ལྗོངས་བྱས་ཏེ་བཅིངས་འགྲོལ་དམག་གི་འཐབ་འཛིང་པས་ལས་འགན་སྒྲུབ་པའི་སྐབས་སུ་ས་གནས་དེ་གའི་འགོ་བ་དང་། ཇག་པ། ཁྲལ་པ་བཅས་དང་བྱུང་བའི་རྙོག་འཛིང་ཆེ་བའི་གཏམ་རྒྱུད་ཞིབ་བརྗོད་བྱས་ཡོད་པ་དང་། དེ་དང་དུས་མཚུངས་སུ་གློག་བརྙན་སྒྱུ་རྩལ་གྱི་དངོས་བདེན་དང་ལེགས་འཛོམས་བརྩོན་ལེན་བྱེད་ཕྱིར། པར་ལེན་བཟོ་སྐྲུན་ཚོགས་ཆུང་གིས་བྱ་རིམ་ཡོངས་རྒྱ་མཚོའི་ངོས་ལས་ས་བབ་སྨི་4000ཡན་གྱི་བོད་ཤར་མཐོ་སྒང་དུ་པར་ལེན་བྱས་པ་དང་། སྐབས་དེའི་རིང་ཉིན་79ཡི་པར་ལེན་བྱེད་ས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4500ཡན་ཡོད་པའི་དབྱར་དུས་ཀྱི་འབྲོག་ར་བདམས་པ་རེད།
         གློག་བརྙན་འདིའི་འཁྲབ་འཁྲིད་པ་དབྱང་རུའེ་ཡིས་གློག་བརྙན་འདི་གློག་བརྙན་སྒྱུ་རྩལ་ལ་བརྟེན་ནས་ཆབ་མདོ་བཅིངས་འགྲོལ་བཏང་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་བའི་དོན་སྙིང་ངོ་མ་གསལ་འགྲེལ་བྱས་ཡོད་ལ། ཆབ་མདོ་གཡུལ་འགྱེད་ཀྱི་ལོ་རྒྱུས་རྒྱབ་ལྗོངས་འོག་མའོ་ཀྲུའུ་ཞི་ལ་བསྟོད་གླུ་ལེན་པ་དང་། གུང་ཁྲན་ཏང་ལ་བསྟོད་གླུ་ལེན་པ། བཅིངས་འགྲོལ་དམག་ལ་བསྟོད་གླུ་ལེན་པ། མི་རིགས་མཐུན་སྒྲིལ་ལ་བསྟོད་གླུ་ལེན་པ། དེ་བཞིན་ཞིང་བྲན་ལ་འཚོ་བ་གསར་པ་ཐོབ་པ་བཅས་པའི་དམིགས་བསལ་གྱི་ལོ་རྒྱུས་དོན་སྙིང་གཅིག་བསྡུས་སུ་མཚོན་ཡོད། "ངས་གློག་བརྙན་ནང་དུ་མི་གཤིས་ཏེ། ལོ་རྒྱུས་ཀྱི་འགྱུར་བ་ཆེན་པོ་འབྱུང་གྲབས་ཡོད་པའི་གོང་དུ་བོད་ལྗོངས་ཀྱི་རིམ་གྲས་ཁག་ལ་མི་གཤིས་ཀྱི་གདོང་གཏུག་ཇི་ལྟར་འབྱུང་སྲིད་པ་དང་། རིག་གནས་མི་འདྲ་བ་ལྡན་པའི་རིག་གནས་རིགས་ཚོ་གཉིས་བར་གྱི་གདོང་གཏུག་དང་མཉམ་འདྲེས་གསལ་པོར་མངོན་པའི་རེ་བ་དེ་བས་ཆེན་པོ་བྱེད་ཀྱི་ཡོད"ཅེས་བརྗོད་པ་རེད།
         《བཅིངས་འགྲོལ་དམག་མི་》ཞེས་པའི་གློག་བརྙན་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་འབད་བརྩོན་ཆེན་པོས་པར་ལེན་བཟོ་སྐྲུན་བྱས་པའི་གློག་བརྙན་ཐོག་མ་དེ་རེད།
    ༄༅།།བོད་སྐད་གློག་བརྙན་《བཅིངས་འགྲོལ་དམག་མི་》ཞེས་པ་ལྷ་ས་གྲོང་ཁྱེར་དུ་ཐོག་
མར་བསྟན་པ།
    ༄༅།།བོད་སྐད་གློག་བརྙན་《བཅིངས་འགྲོལ་དམག་མི་》ཞེས་པ་ལྷ་ས་གྲོང་ཁྱེར་དུ་ཐོག་
མར་བསྟན་པ།
      

    ཕྱོགས་བསྡུས་གསར་འགྱུར།