འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་བུ་བཅོལ་ཁང་དང་སློབ་ཆུང་ཁག་གིས་རིག་རྩལ་འཁྲབ་སྟོན་བྱས་ནས་བྱིས་
    པའི་དུས་ཆེན་ལ་རྟེན་འབྲེལ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་31ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་ཀྱི་བུ་བཅོལ་ཁང་དང་སློབ་ཆུང་ཁག་གིས་རིག་རྩལ་འཁྲབ་སྟོན་བྱས་ནས་བྱིས་
པའི་དུས་ཆེན་ལ་རྟེན་འབྲེལ་ཞུས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་28ཉིན། ལྷ་ས་གྲོང་ཁྱེར་སྐབས་བཅུ་གཉིས་པའི"ཡར་རྒྱས་དང་སེམས་བཟང་ཅན་གྱི་བྱིས་པ་བཟང་པོ"དཔྱད་འདེམས་གཟེངས་བསྟོད་དང་དྲུག་གཅིག་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་བྱེད་སྒོ་ལྟེ་གནས་སུ་སྤེལ་བ་རེད། ལྷ་ས་གྲོང་ཁྱེར་སློབ་ཆུང་ཁག་དང་ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་བྱེད་སྒོ་ལྟེ་གནས་ཀྱི་འཛིན་གྲྭ་ཁག་གིས་རྩོམ་སྒྲིག་དང་ནང་སྦྱོང་ལེགས་པོ་བྱས་པའི་བརྗོད་གཞི་འབུར་དུ་ཐོན་ཞིང་རྣམ་པ་གསར་པ་ལྡན་པའི་བྱིས་པའི་འཁྲབ་ཚན་15འཁྲབ་སྟོན་བྱས་ཡོད་པ་རེད།  
         དྲུག་གཅིག་བྱིས་པའི་དུས་ཆེན་སླེབས་ལ་ཉེ་བའི་མཚམས་འདིར། བོད་ལྗོངས་བུ་བཅོལ་ཁང་དང་སློབ་ཆུང་ཁག་གིས"སྣང་ཆེན་བཞི་དང་དགའ་ཞེན་བཞི"བརྗོད་གཞི་བྱེད་པའི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་རིག་རྩལ་བྱེད་སྒོ་ཕུན་སུམ་ཚོགས་པ་སྤེལ་ནས་རང་ཉིད་ཀྱི་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་རེད། གོང་གི་པར་རིས་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་བུ་བཅོལ་ཁང་གི་དགེ་སློབ་ཚོས་《ནུབ་ཕྱོགས་སུ་བསྐྱོད་པའི་རྣམ་ཐར་》ཞེས་པ་འཁྲབ་སྟོན་བྱེད་བཞིན་ཡོད་པ་རེད།
    གྲོགས་པོ་ཆུང་ཆུང་གིས་ཡི་གེ་འབྲི་བཞིན་པ།
    གྲོགས་པོ་ཆུང་ཆུང་གིས་ཡི་གེ་འབྲི་བཞིན་པ། 
      

    ཕྱོགས་བསྡུས་གསར་འགྱུར།