འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅༎ཐུར་ཁེའི་དམག་སྤྱོད་ཐད་འཕུར་གནམ་གྲུ་ཞིག་སར་ལྷུངས་ནས་མི་13རྐྱེན་ལམ་དུ་ཤོར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་01ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་31ཉིན། ཐུར་ཁེའི་དམག་སྤྱོད་ཐད་འཕུར་གནམ་གྲུ་ཞིག་ཤར་ལྷོའི་ཁུལ་གྱི་སིར་ནཱ་ཁུར་ལྷུངས་ནས། གནམ་གྲུའི་ནང་གི་མི་13པོ་ཚང་མ་རྐྱེན་ལམ་དུ་ཤོར། 
         ཐུར་ཁེའི་དྲག་ཆས་དམག་དཔུང་རུ་ཁག་གི་སྤྱི་ཁྱབ་དྲག་ཇུས་པུའུ་ཡིས་ཉིན་དེར་གནས་ཚུལ་གསལ་བསྒྲགས་བྱས་པ་ལྟར་ན། ས་གནས་ཀྱི་ཆུ་ཚོད་20དང་སྐར་མ་55ཡས་མས་སུ། དམག་སྤྱོད་ཐད་འཕུར་གནམ་གྲུ་དེ་སིར་ན་ཁུའི་སེར་ནོ་པཱ་ས་ཁུལ་དུ་འཕུར་སྐྱོད་བྱེད་དུས་མཐོ་གནོན་གློག་སྐུད་ལ་ཐུག་ནས་སར་ལྷུངས་པ་དང་མེ་འབར་ཏེ་གནམ་གྲུའི་ནང་གི་མི་13པོ་རྐྱེན་ལམ་དུ་ཤོར། 
         ཐུར་ཁེའི་སྨྱན་སྦྱོར་གནས་འཕྲིན་དུ་བསྒྲགས་པ་ལྟར་ན། ཐུར་ཁེའི་རྒྱལ་སྲུང་པུའུ་ཀྲང་ཨི་སིར་ཁུ་དང་དྲག་ཆས་དམག་དཔུང་རུ་ཁག་གི་སྤྱི་ཁྱབ་དྲག་ཇུས་པུའུ་ཀྲང་ཨ་ཁར་སོགས་དོན་རྐྱེན་འདིའི་ཡུལ་དངོས་སུ་བསྐྱོད་ནས། རོགས་སྐྱོབ་དང་བརྟག་དཔྱད་ལས་ཀར་སློབ་སྟོན་བྱེད་བཞིན་ཡོད་ཟེར།
      

    ཕྱོགས་བསྡུས་གསར་འགྱུར།