འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཁེ་གསུམ་གྲོང་ཚོའི་གྲོང་མིའི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་
    པ་ཞིག་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་01ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་གྲོང་ཚོ་ནི་བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་ཀུན་གྱིས་དོ་སྣང་དེ་ཙམ་མི་བྱེད་པའི་གྲོང་ཚོ་ཆུང་ཆུང་ཞིག་ཡིན་མོད། འོན་ཀྱང་གྲོང་ཚོ་དེར་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་ཐོག་མ་དེ་བྱས་ནས་བོད་ལྗོངས་གསར་པ་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་ནུས་པ་ཧ་ཅང་ཆེན་པོ་འདོན་སྤེལ་བྱས་ཡོད་པ་རེད། ལོ་རྒྱུས་ལ་བསྐྱར་དུ་ཕྱིར་དྲན་བྱས་ནས་ང་ཚོ་མཉམ་དུ་བོད་ལྗོངས་གསར་པའི་ལོ་རྒྱུས་ཀྱི“དཔང་པོར”ལྟ་བར་བསྐྱོད་ན། གྲོང་ཚོ་དེར་བོད་ཀྱི་ལོ་རྒྱུས་ཐོག་གི་གྲོང་གསེབ་ཀྱི་གཞི་རིམ་ཏང་ཀྲི་པུའུ་ཐོག་མ་དང་། ཞིང་པའི་མཐུན་ཚོགས་ཐོག་མ། མི་དམངས་ཀུང་ཧྲེ་ཐོག་མ་བཅས་བཙུགས་ཡོད་པ་དང་དམངས་གཙོའི་སྐབས་བརྗེའི་འདེམས་བསྐོ་ཐོག་མ་བྱས་ཡོད་པས་གྲོང་ཚོ་དེའི་འཕེལ་རྒྱས་འགྱུར་ལྡོག་ལས་བོད་ལྗོངས་གསར་པའི་འཕེལ་རྒྱས་ཀྱི་རྣམ་པ་མཚོན་གྱི་ཡོད་པ་རེད།
         བོད་ལ་དམངས་གཙོ་བཅོས་སྒྱུར་མ་བྱས་གོང་ཁེ་གསུམ་གྲོང་ཚོ་ནི་ཞིང་བྲན་བདག་པོ་ཆེན་པོ་ཟུར་ཁང་དབང་ཆེན་དགེ་ལེགས་ཀྱི་གཏོགས་ཁོངས་གཞིས་ཀ་ཞིག་ཡིན་པ་རེད། གྲོང་ཚོ་དེར་ཞིང་བྲན་དང་བྲན་གཡོག་རྣམས“སྐད་ཆ་ཤོད་ཤེས་པའི་རྟ་ཟོག་སེམས་ཅན”ལ་བརྩིས་ཏེ་ཁྲལ་དང་འུ་ལག་མང་པོ་རྒྱུག་དགོས་ཀྱི་ཡོད་པ་རེད།
         ད་ཆ་ཁེ་གསུམ་གྲོང་ཚོར་བསྐྱོད་ཚེ་ཡངས་ཤིང་རྒྱ་ཆེ་བའི་སྣུམ་ནག་གཞུང་ལམ་དང་། གྲལ་སྟར་འགྲིག་ལ་གསར་དུ་བསྐྲུན་པའི་ཨར་འདམ་ལྕགས་རྩིབས་ཁང་པའི་མདུན་དུ་རྒན་རྒོན་ཚོ་ཁང་པའི་སྒོ་འགྲམ་དུ་ཉི་མ་བསྲོས་ནས་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་ཡོད་པ་དང་སློབ་ཁང་ནང་ནས་དཔེ་དེབ་ཀློག་པའི་སྒྲ་ལྷང་ལྷང་གྲགས་པ་སོགས་ཚང་མ་ཅི་འདྲའི་ལྷིང་འཇགས་དང་ཞི་མཐུན་ལྡན་པ་ཞིག་ཡོད་པ་རེད།
         ལོ་52ལ་སླེབས་པའི་རྒྱག་ལོད་ཟ་ཁང་ནང་ལས་ཀ་བྱེད་བཞིན་ཡོད་པ་དང་། ན་ནིང་བོད་ཟས་ཁང་ཞིག་བཙུགས་རྗེས་ལས་བྲེལ་ཆེ་ལ་བདེ་སྐྱིད་ལྡན་པས་འཚོ་བ་དེ་འདྲ་སྐྱེལ་རྒྱུ་བྱུང་བས་རྒྱག་ལོད་དགའ་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས“ཁྱིམ་ལ་ནང་མི་4ཡོད་པའི་ནང་ངལ་རྩོལ་ནུས་ཤུགས་ཡོད་མཁན་ང་གཅིག་པུ་ཡིན། དེ་སྔོན་ལས་གྲྭར་ལས་ཀ་བྱེད་པར་འགྲོ་ཀྱི་ཡོད་མོད། འོན་ཀྱང་དཔྱིད་དུས་དང་སྟོན་དུས་འཆར་རིམ་བཞིན་ནང་ལ་ལོག་ནས་ས་ཞིང་འདེབས་པ་དང་ལོ་ཏོག་བརྔ་བར་ཡོང་དགོས་ཀྱི་ཡོད་པས་ཡོང་འབབ་དེ་ཙམ་མེད་པའི་ཁར་རང་ཁྱིམ་དང་ཐག་རིང་པོ་ཡོད། ད་ཆ་དངོས་གནས་ཡག་ཏུ་ཕྱིན་འདུག ཡོང་འབབ་དེ་སྔོན་ལས་མང་བ་ཡོད་ལ་རང་ཁྱིམ་དང་ཡང་ཐག་ཉེ་པོ་འདུག”ཅེས་བརྗོད་པ་དང་། ཁོང་གིས་དེ་སྔོན་ལས་གྲྭར་མང་ཤོས་ལ་ཡང་སྒོར་ཁྲི་2ལྷག་ཙམ་ལས་རག་གི་མི་འདུག ན་ནིང་ཟ་ཁང་ཞིག་བཙུགས་པས་དུས་ཡུན་ཐུང་ཐུང་ནང་སྒོར་ཁྲི་7ལྷག་ཙམ་རག་བྱུང་ཞེས་བརྗོད།
         ཁེ་གསུམ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཨང་དང་པོ་སྒྲོལ་མས་ཁེ་གསུམ་གྲོང་ཚོར་དུད་ཚང་241དང་མི་860ཡོད་པ་དེ་དག་ཡོངས་རྫོགས་ན་ནིང་དབུལ་སྒྲོལ་ཐུབ་ཡོད། “ཁེ་གསུམ་གྲོང་ཚོས་གཙོ་བོ་ཞིང་ལས་དང་། སྐྱེལ་འདྲེན་ལས་རིགས། ཕྱིར་སྐྱོད་ངལ་ལས་བཅས་བྱེད་ཀྱི་ཡོད། ཞབས་ཞུའི་ལས་རིགས་དང་ལས་སྣོན་ལས་རིགས་སོགས་ཞོར་དུ་བྱེད་ཀྱི་ཡོད་པས་ལོ་རེར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་15000ཡོང་གི་ཡོད”ཅེས་ངོ་སྤྲོད་བྱས་པ་དང་། སྒྲོལ་མས་གྲོང་ཚོའི་ནང་ད་དུང་མི་89ལ་སྣོད་བཅུད་ལས་གནས་བཀོད་སྒྲིག་བྱས་ཡོད་པ་དང་མི་རེར་ལོ་རེར་ཆ་སྙོམས་ལས་གནས་གླ་ཆ་སྒོར་3000ལེན་རྒྱུ་ཡོད་ཅེས་བརྗོད།
         ཁེ་གསུམ་གྲོང་ཚོའི་ལོ་རྒྱུས་བཤམས་སྟོན་ཁང་ནང་སྐྱོད་སྐབས་ལོ་རྒྱུས་ཀྱི་པར་རིས་དང་རིག་དངོས་མང་པོ་ཞིག་གི་ཐོག་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་ཨང་དང་པོའི་གནས་ཚུལ་མང་དག་བཀོད་ཡོད་པ་དེ་ཐོག་ནས་བོད་ལྗོངས་གསར་པའི་ལྷིང་འཇགས་དང་། ཞི་མཐུན། བདེ་སྐྱིད་བཅས་ལྡན་པའི་འཚོ་བ་མཚོན་གྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།