འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་འཐུས་མི་ཚོགས་པས་པར་ཙིར་
    དང་ཆི་ལི། ཕེ་རུ་རྒྱལ་ཁབ་གསུམ་ལ་འཚམས་འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་01ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་བྱམས་པ་ཕུན་ཚོགས་ཀྱིས་སྣེ་ཁྲིད་པའི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་འཐུས་མི་ཚོགས་པ་ཟླ་5ཚེས་21ཉིན་ནས་ཚེས་31ཉིན་བར་དུ་པར་ཙིར་དང་། ཆི་ལི། ཕེ་རུ་བཅས་རྒྱལ་ཁབ་གསུམ་ལ་འཚམས་འདྲི་བྱས་ཤིང་། རྒྱལ་ཁབ་གསུམ་གྱི་དབྱི་ཧུའེ་གྲོས་ཚོགས་དང་སྲིད་གཞུང་གི་འགོ་ཁྲིད་དང་། འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་འགན་འཁུར་པ། རིག་མཛོད་དང་སློབ་གྲྭའི་ཆེད་མཁས་པ་དང་མཁས་དབང་བཅས་དང་ཐུག་འཕྲད་བྱས་པ་དང་། ཀྲུང་གོ་དང་རྒྱལ་ཁབ་གསུམ་གྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་འཕེལ་རྒྱས་གནས་ཚུལ་སྤེལ་རེས་གང་ལེགས་བྱས་པ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་ལས་ཁུངས་ཀྱི་བཅར་འདྲི་ཡང་དང་ལེན་བྱས་པ་རེད།
         གྲོས་མོལ་བྱེད་རིང་བྱམས་པ་ཕུན་ཚོགས་ཀྱིས་རྒྱལ་ཁབ་གསུམ་ལ་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱིས་ཉེ་བའི་ལོ་འགའི་ནང་སྤེལ་བའི་ལས་དོན་གཙོ་བོ་ངོ་སྤྲོད་བྱས་པ་དང་དུས་མཚུངས་སུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་གི་རིགས་པའི་གཞུང་ལུགས་ངོ་སྤྲོད་བྱས་ཤིང་། ཀྲུང་གོའི་སྲོལ་རྒྱུན་རིག་གནས་དང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་བསམ་བློ་འབྱུང་རྩའང་གསལ་བཤད་བྱས་པ་དང་། ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་འཛུགས་འགན་སྲུང་བྱེད་པའི་ཐད་བྱུང་བའི་འཕེལ་རྒྱས་གསར་པ་དང་དེ་བཞིན་བོད་ལྗོངས་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ཀྱང་ངོ་སྤྲད་བྱས་པ་རེད།
         རྒྱལ་ཁབ་གསུམ་པོས་ཀྲུང་གོའི"རྒྱུད་གཅིག་ལམ་གཅིག"གི་གྲོས་གཞི་ཁས་ལེན་གང་ལེགས་བྱས་པ་དང་། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱིས་ཀྲུང་གོ་དང་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་བ་དང་། འགྲོ་བ་མིའི་ཐོབ་ཐང་གི་རིག་པའི་གཞུང་ལུགས་ཞིབ་འཇུག་དང་འགྲོ་བ་མིའི་ཐོབ་ཐང་གི་སློབ་གསོ་དང་གསོ་སྐྱོང་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། ཤེས་བྱ་ཁྱབ་གདལ་གཏོང་བ་སོགས་ཀྱི་ཐད་ལ་འབད་འབུངས་བྱས་པར་བསྟོད་ར་བྱས་ཤིང་། ཐེངས་འདིའི་འཚམས་འདྲི་ཕེབས་པ་ནི་ཀྲུང་གོ་དང་རྒྱལ་ཁབ་གསུམ་བར་འགྲོ་བ་མིའི་ཐོབ་ཐང་གྱི་ཁྱབ་ཁོངས་སུ་མཉམ་ལས་བྱེད་འགོ་ལེགས་པོ་འཛུགས་པ་ཞིག་ཡིན་པའི་ངོས་འཛིན་བྱས་ལ། འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་དང་སློབ་གསོའི་ཐད་ཀྲུང་གོ་དང་འབྲེལ་བ་སྔར་ལས་མང་བ་འཛུགས་རྒྱུ་དང་། ཀྲུང་གོར་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་སྤྱོད་འཆར་གཞི་བཟོ་འགོད་དང་ལག་ལེན་བསྟར་བའི་ཉམས་མྱོང་སློབ་སྦྱོང་བྱ་རྒྱུའི་རེ་སྒུག་ལྷག་པར་བྱེད་ཀྱི་ཡོད་ཅེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།