མི་དམངས་དྲ་བ།

༄༅།།ཁག་གསུམ་པའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གི་བཅའ་སྡོད་ལས་དོན་
མཇུག་འགྲིལ་བ།

རིམ་རྩིས་བྱས་ན་ཐེར་འདོན་གྱོད་གཞི་28966བསྒྲུབ་རྒྱུ་རྩིས་སྤྲོད་བྱས་པ་དང་མི་4018ཀྱི་འགན་འཁྲི་བདའ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་01ཉིན། 11:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཁོར་ཡུག་སྲུང་སྐྱོང་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་5ཚེས་28ཉིན་བར་ཁག་གསུམ་པའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གི་ལྟ་ཞིབ་བཅའ་སྡོད་ཀྱི་ལས་དོན་ཚང་མ་ལེགས་གྲུབ་ཟིན་པ་རེད།
      ལྟ་ཞིབ་ཚོགས་ཆུང་བཅའ་སྡོད་བྱས་ནས་ཟླ་བ་གཅིག་སོང་རིང་ལྟ་ཞིབ་ཚོགས་ཆུང་གིས་ཁྱོན་འགོ་ཁྲིད་ལས་བྱེད་པ་353དང་གླེང་མོལ་བྱས་པའི་ནང་ཞིང་ཆེན་རིམ་པའི་འགོ་ཁྲིད་167དང་སྡེ་ཚན་དང་ས་གནས་དང་གྲོང་ཁྱེར་གྱི་འགོ་ཁྲིད་གཙོ་བོ་186ཡོད་པ་རེད། རིམ་རྩིས་བྱས་ན་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་དང་ཚན་པ་139ལ་བཅར་འདྲི་གླེང་མོ་བྱས་པ་དང་། དཔྱད་ཡིག་ཁག་ཁྲི་5.4ལྷག་ཙམ་ཟུར་བཤེར་ལྟ་ཀློག་བྱས་པ། ས་གནས་དང་གྲོང་ཁྱེར་84(ཆུས་དང་རྫོང)ལ་གཤམ་སྐྱོད་བྱས་ནས་ལྟ་ཞིབ་བྱས་པའམ་ཡང་ན་ལྟ་ཞིབ་ཁ་གསབ་བྱས་པ། ཐོ་འགོད་ཟིན་ཐོ་1000ཙམ་བཟོས་པ་དང་འབྲེལ་ཏང་སྲིད་འགོ་ཁྲིད་ལས་བྱེད་པས་སྣོད་བཅུད་ཁོར་ཡུག་ལ་གཏོར་བཤིག་བཏང་བའི་འགན་འཁྲི་བདའ་འདེད་ཀྱི་གནད་དོན་ཁག་གཅིག་ལ་ཐོག་མར་ཞིབ་བསྡུར་བྱས་པ་རེད།
     2017ལོའི་ཟླ་5ཚེས་28ཉིན་བར་ཁྱོན་བསྡོམས་ཐེར་འདོན་གྱོད་གཞི་35523(དེའི་ནང་ཁ་པར་གྱི་ཐེར་འདོན་གྱོད་གཞི་20811དང་ཡིག་བསྐུར་ཐེར་འདོན་གྱོད་གཞི་14712)བདག་སྤྲོད་བྱས་པ་དང་། གསེད་དཀྲོལ་དབྱེ་ཞིབ་དང་བསྐྱར་ཟློས་ཐེར་འདོན་མཉམ་བསྡུས་བྱས་ཏེ་ལྟ་ཞིབ་བྱ་ཡུལ་གྱི་ས་གནས་ལ་ཐེར་འདོན་གྱོད་གཞི་28966བསྒྲུབ་རྒྱུ་རྩིས་སྤྲོད་བྱས་ཡོད། ས་གནས་ཀྱིས་གྱོད་གཞི་23599ཐག་གཅོད་བྱས་པ་དང་། ཚན་པ་20359ལ་དག་ཐེར་བྱ་རྒྱུའི་བཀའ་བཏང་བ། གྱོད་གཞི་ཐོ་འགོད་བྱས་ནས་ཚན་པ་7086ལ་དངུལ་ཆད་བཅད་པའི་བསྡོམས་འབོར་སྒོར་ཁྲི་33587.86ཟིན་པ་བཅས་རེད། ཐོ་འགོད་བྱས་པའི་གྱོད་གཞི་354ལ་མྱུལ་ཞིབ་དང་། མི་355སྲིད་འཛིན་དང་ཉེས་དོན་བཀག་ཉར། མི་6079ལ་སྐོང་འདྲི་བྱས་པ། མི་4018ཀྱི་འགན་འཁྲི་བདའ་འདེད་བཏང་བ་བཅས་བྱས་ཡོད།
    མིག་སྔར་ཁག་གསུམ་པའི་ལྟ་ཞིབ་ལས་དོན་དེ་ལྟ་ཞིབ་སྙན་སེང་གི་དུས་མཚམས་སུ་སླེབས་ཤིང་། བརྒྱུད་སྒྲུབ་དང་ཞིབ་བཤེར་ཐག་གཅོད་དོན་འཁྱོལ་བྱ་རྒྱུའི་མང་ཚོགས་ཀྱི་ཞུ་གཏུགས་ཐེར་འདོན་གནད་དོན་ཐད་ལྟ་ཞིབ་ཚོགས་ཆུང་གིས་མི་སྣ་བཀོད་སྒྲིག་བྱས་ཏེ་མུ་མཐུད་ལྟ་སྐུལ་སྒྲུབ་གཉེར་བྱས་ནས་དོ་ཁུར་དམ་ཟབ་དང་། སྦྲེལ་མཐུད་ལ་ཤུགས་སྣོན། ས་གནས་ཀྱིས་མུ་མཐུད་དེ་ཕྱོགས་གཅིག་ནས་ལྟ་སྐུལ་དང་གཅིག་ཤོས་ནས་དག་ཐེར་བྱ་རྒྱུའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་ལྟ་སྐུལ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་ཐེར་འདོན་བྱས་པའི་ཁོར་ཡུག་གི་གནད་དོན་གནད་ལ་འཁེལ་བའི་སྒོ་ནས་ཞིབ་བཤེར་ཐག་གཅོད་དང་། གནད་ལ་འཁེལ་བའི་སྒོ་ནས་དག་ཐེར། གནད་ལ་འཁེལ་བའི་སྒོ་ནས་ཡོངས་བསྒྲགས། གནད་ལ་འཁེལ་བའི་སྒོ་ནས་འགན་འཁྲི་བདའ་འདེད་གཏོང་ཐུབ་རྒྱུ་བཅས་འགན་ལེན་བྱས་ཡོད།