འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་ལོ་ཆུང་གི་ཤིས་ཧྲན་རོལ་དབྱངས་སྒྱུ་རྩལ་འཚོ་བའི་དུས་ཆེན་པེ་ཅིང་དུ་གཉེར་བ།

    རྣ་ཤེས་ཉམས་པའི་བྱིས་པའི་སྤྱི་ཕན་རོགས་སྐྱོབ་བྱ་སྤྱོད།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་01ཉིན། 11:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། “དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ལ་ཉེ་བའི་སྐབས་སུ་རྣ་ཤེས་ཉམས་པའི་བྱིས་པའི་སྤྱི་ཕན་རོགས་སྐྱོབ་མནའ་འབྲེལ་དང་། རླབས་ཕྲེང་རོལ་དབྱངས་སྒྱུ་རྩལ་ཉམས་ལེན་ལྟེ་གནས། པེ་ཅིང་ཤིས་ཧྲན་ནགས་ཚལ་རོལ་དབྱངས་ཀུའུ་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི“རྣ་ཤེས་ཉམས་པའི་བྱིས་པའི་སྤྱི་ཕན་རོགས་སྐྱོབ་བྱ་སྤྱོད་ཀྱི་གཅེས་སེམས་ཀྱི་རང་སྒྲ་འདོན་པ--2017ལོའི་ལོ་ཆུང་གི་ཤིས་ཧྲན་རོལ་དབྱངས་སྒྱུ་རྩལ་འཚོ་བའི་དུས་ཆེན”དེ་ཉིན་པེ་ཅིང་དུ་གཉེར་བ་རེད། པེ་ཅིང་ནས་ཡོང་བའི་རོལ་དབྱངས་ལ་དགའ་པོ་བྱེད་མཁན་བྱིས་པའི་ཁྱིམ་ཚང་སྟོང་ལ་ཉེ་བས་ད་ཐེངས་ཀྱི་རོལ་དབྱངས་སྒྱུ་རྩལ་དུས་ཆེན་ལ་ཞུགས་རྒྱུའི་མིང་ཐོ་བཀོད་པ་དང་། པེ་ཅིང་དང་ཧོ་པེ་སོགས་ནས་ཡོང་བའི་རྣ་ཤེས་ཉམས་པའི་བྱིས་པ་དང་ཁོང་ཚོའི་ཁྱིམ་བདག་300ཙམ་སྤྱི་ཕན་བྱེད་སྒོར་ཞུགས་པ་རེད།
           ད་ཐེངས་ཀྱི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི་རྣ་ཤེས་ཉམས་པའི་བྱིས་པར་དོ་ཁུར་བྱས་ཏེ་གཅེས་སེམས་ཀྱི་རང་སྒྲ་རྒྱུན་མཐུད་ནས་འདོན་པ་ཡིན་ཞིང་། བྱེད་སྒོའི་ཁྲོད་རྣ་ཤེས་ཉམས་པའི་བྱིས་པ་ཚོས་སྤྱི་ཚོགས་དང་རང་བྱུང་ཁམས་ནང་ཞུགས་ཐུབ་པ་མ་ཟད། རོལ་དབྱངས་ཉན་པའི་བདེ་སྐྱིད་ལོངས་སྤྱོད་བྱས་ཏེ་སྤྲོ་སྣང་བག་ཕེབས་ཀྱི་བྱིས་དུས་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། ཁོང་ཚོས་རིག་རྩལ་ངོམས་པ་བརྒྱུད་སྤྱི་ཚོགས་ལས་རིགས་ཁག་གིས་རྣ་ཤེས་ཉམས་པའི་བྱིས་པ་ཕྱོགས་ཡོངས་ནས་བདེ་ཐང་སླར་གསོ་བྱུང་བའི་གནས་ཚུལ་ཐད་ཀར་མཐོང་ཐུབ་པ་བྱས་ཡོད། ད་ཐེངས་ཀྱི་རོལ་དབྱངས་སྤྱི་ཕན་བྱེད་སྒོའི་དམིགས་ཡུལ་ནི་སྤྱི་ཚོགས་ཀྱིས་རྣ་ཤེས་ཉམས་པའི་བྱིས་པར་རྒྱུན་མཐུད་ནས་དོ་ཁུར་བྱས་ཏེ་རོལ་དབྱངས་ལ་བརྟེན་ནས་རྣ་ཤེས་ཉམས་པའི་བྱིས་པ་ཚོ་དེ་བས་ལེགས་པའི་ངང་སྤྱི་ཚོགས་ནང་ཞུགས་ཐུབ་རྒྱུར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བྱ་རྒྱུ་དེ་རེད།
      

    ཕྱོགས་བསྡུས་གསར་འགྱུར།