འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཞུང་ཨན་ཁུལ་གསར་གྱི་རིག་དངོས་སྲུང་སྐྱོབ་དང་གནའ་རྫས་རྟོག་ཞིབ་ལས་དོན་ཕྱོགས་ཡོངས་
    ནས་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་01ཉིན། 11:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཧོ་པེ་ཞིང་ཆེན་རིག་དངོས་སྡེ་ཚན་ནས་ཤེས་རྟོགས་བྱུང་གསལ། ཉེ་དུས་ཞུང་ཨན་ཁུལ་གསར་རིག་དངོས་སྲུང་སྐྱོབ་དང་གནའ་རྫས་རྟོག་ཞིབ་ལས་དོན་ས་ཚིགས་དང་ཞུང་ཨན་ཁུལ་གསར་གྱི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་བཙུགས་ཟིན་པས་ཞུང་ཨན་ཁུལ་གསར་གྱི་རིག་དངོས་སྲུང་སྐྱོབ་དང་གནའ་རྫས་རྟོག་ཞིབ་ལས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བའི་དུས་མཚམས་སུ་སླེབས་ཡོད།
         མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་ནི་གནའ་རྫས་བརྟག་ཞིབ་རུ་ཁག་5དང་། ས་ངོས་རིག་དངོས་བརྟག་ཞིབ་རུ་ཁག་1 ཀྲན་གོ་ཡན་ནན་ལྕགས་རི་རིང་པོའི་རིག་དངོས་བརྟག་ཞིབ་རུ་ཁག་1 རྒྱང་ཚོར་གནའ་རྫས་རྟོག་ཞིབ་རུ་ཁག་1བཅས་ལས་གྲུབ་པ་དང་། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་རིག་དངོས་སྡེ་ཚན་གྱིས་གཅིག་གྱུར་སྒྲིག་འཛུགས་བྱས་ཁར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སུའོ་དང་། རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་། ཕོ་བྲང་རྙིང་པའི་རྟེན་རྫས་བཤམས་མཛོད་ཁང་། ཀྲུང་གོ་རིག་གནས་ཤུལ་བཞག་ཞིབ་འཇུག་ཁང་སོགས་ཚན་པ་ཞུགས་རྒྱུར་གདན་དྲངས་ཡོད།
         རུང་ཁྲེང་རྫོང་ལེང་མ་ཐའེ་ཤང་ནན་དབྱང་གྲོང་ཚོར་གནས་པའི་ནན་དབྱང་གནའ་ཤུལ་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་42ཟིན་པ་དང་རིགས་གཅིག་མཁས་ཅན་གྱིས་ནན་དབྱང་གནའ་ཤུལ་ནི་ཀྲན་གོ་དུས་རབས་སུ་ཡན་ཀྲུང་གི་རྒྱལ་ས་གནས་ཡུལ་ཡིན་སྲིད་པའི་ངོས་འཛིན་བྱས། ཤེས་རྟོགས་བྱུང་བར་གཞིགས་ན། མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་ཟླ་5ཚེས་28ཉིན་ནས་བཟུང་ནན་དབྱང་གནའ་ཤུལ་གྱི་གནའ་རྫས་རྩད་ཞིབ་ལས་དོན་དངོས་སུ་སྤེལ་ཏེ་སྔོན་དཔག་བྱས་ན་སང་ལོའི་ཟླ་2པར་བརྟག་ཞིབ་དང་རྩད་ཞིབ་ལས་དོན་ལེགས་སྒྲུབ་བྱ་རྒྱུའི་ཁར་སྨི་ངོས་གྲུ་500ཡི་སྔོག་འདོན་ལས་འགན་ལེགས་སྒྲུབ་ཀྱང་བྱ་རྒྱུ་རེད།
         གཞན་ཡང་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་། འདི་ལོའི་ཟླ་7པར་སྤྱི་ལེ་ངོས་གྲུ་200ཡི་ཕྱི་རོལ་བརྟག་ཞིབ་ལས་དོན་ལེགས་སྒྲུབ་བྱ་རྒྱུ་དང་ཟླ་8པར་གནའ་རྫས་བརྟག་ཞིབ་སྙན་ཞུ་ལེགས་སྒྲིག་དང་རྩོམ་འབྲི་བྱ་རྒྱུའི་ཁར་རིགས་གཅིག་མཁས་ཅན་སྒྲིག་འཛུགས་ཀྱིས་གནའ་རྫས་བརྟག་ཞིབ་བྱས་འབྲས་དཔྱད་ཞིབ་དང་ཞིབ་བཤེར་རྩིས་ལེན་ཡང་བྱ་རྒྱུ་རེད། སང་ལོའི་ཟླ་3པའི་ཟླ་མཇུག་ཏུ་ཞུང་ཨན་ཁུལ་གསར་རིག་དངོས་བརྟག་ཞིབ་ཆེད་དོན་སྙན་ཞུ་ལེགས་སྒྲུབ་བྱ་རྒྱུ་རེད།
         ཧོ་པེ་ཞུང་ཨན་ཁུལ་གསར་གནས་སའི་ཞུང་རྫོང་དང་། རུང་གྲོང་རྫོང་། ཨན་ཤིན་རྫོང་བཅས་ཀྱི་ལོ་རྒྱུས་རིག་གནས་ཀྱི་ནང་དོན་གཏིང་ཟབ་པ་དང་རིག་དངོས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། རྒྱལ་ཡོངས་རིག་དངོས་ཡོངས་བཤེར་བྱས་འབྲས་ཐེངས་གསུམ་པ་ལས་རྫོང་གསུམ་གྱིས་སྤོ་མི་རུང་བའི་རིག་དངོས་189ཐོ་འགོད་བྱས་པ་མངོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།