འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་དང་ཐེན་ཅིན་དབར་གྱི་གྲོང་འབྲེལ་སྣུར་སྲིང་ལམ་བུའི་མེ་འཁོར་ལ་ཟླ་6པ་ནས་བཟུང
    "སྤྱི་སྤྱོད་རྣམ་པའི"སྤ་སེའི་རིན་གོང་ལེན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་01ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། པེ་ཅིང་ལྕགས་ལམ་ཅུས་དང་ཐེན་ཅིན་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཨུ་ལྷན་གྱིས་ཞིབ་འཇུག་བྱས་ནས་2017ལོའི་ཟླ་6ཚེས་1ཉིན་ནས་བཟུང་པེ་ཅིང་དང་ཐེན་ཅིན་དབར་གྱི་གྲོང་འབྲེལ་སྣུར་སྲིང་ལམ་བུའི་མེ་འཁོར་ལ“སྤྱི་སྤྱོད་རྣམ་པའི”སྤ་སེའི་རིན་གོང་བསྡུ་རྒྱུའི་གཏན་འབེབས་བྱས་པ་རེད།
          ད་ཐེངས་སྤ་སེའི་རིན་གོང་ལེགས་སྒྲིག་བྱེད་པའི་ཞིབ་ཕྲའི་ཇུས་གཞི་ནི། ཐོན་སའི་བབས་ཚུགས་ནས་འབབ་སའི་བབས་ཚུགས་ཚང་མ་པེ་ཅིང་དང་ཐེན་ཅིན་དབར་གྱི་གྲོང་འབྲེལ་སྣུར་སྲིང་ལམ་ཐིག་(ཐེན་ཅིན་ནས་ཡུས་ཅ་པའོ་བར)གི་བབས་ཚུགས་ཁག་གི་རྐུབ་བཀྱག་མི་འདྲ་བའི་སྤ་སེའི་རིན་གོང་གཅོག་རྒྱུ་ཡིན་པ་རེད། རིན་གོང་བཅག་རྗེས་ཐེན་ཅིན་བབས་ཚུགས་ནས་ཡུས་ཅ་པའོ་བབས་ཚུགས་ཀྱི་རྐུབ་བཀྱག་རིམ་པ་གཉིས་པའི་པ་སེར་སྒོར་12(བརྒྱ་ཆ་58.5བཅག་པ)ཡིན་པ་དང་། བབས་ཚུགས་གཞན་(ཐེན་ཅིན་བབས་ཚུགས་དང་། དམག་རྒྱགས་གྲོང་བྱང་ཚུགས། ཐང་ཀུའུ་བབས་ཚུགས། ཡུས་ཅ་པའོ་བབས་ཚུགས)དབར་གྱི་ཤུགས་འགྲེམས་མེ་འཁོར་གྱི་རྐུབ་བཀྱག་ཁག་གི་སྤ་སེའི་རིན་གོང་གཅིག་གྱུར་ཐོག་བརྒྱ་ཆ་58.5གཅོག་རྒྱུ་ཡིན་པ་རེད། པེ་ཅིང་དང་ཐེན་ཅིན་དབར་གྱི་གྲོང་འབྲེལ་སྣུར་སྲིང་ལམ་བུའི་ཐོག་ལམ་ཐིག་འདི་སྒྲོལ་ནས་འགྲོ་མཁན་ཤུགས་འགྲེམས་མེ་འཁོར་གྱི་དམིགས་བཙུགས་བབས་ཚུགས་ལ་(པེ་ཅིང་ལྷོ་ཚུགས་ནས་དམག་རྒྱགས་གྲོང་བྱང་ཚུགས་བར་དང་། པེ་ཅིང་ལྷོ་ཚུགས་ནས་ཐང་ཀུའུ་བར། པེ་ཅིང་ལྷོ་ཚུགས་ནས་ཡུས་ཅ་པའོ་བར)ལམ་ཐིག་དེ་གའི་མེ་འཁོར་གྱི་ལམ་དུམ་བུ་གཞིར་བཟུང་སྤ་སེའི་རིན་གོང་གཅོག་རྒྱུ་ཡིན་པ་རེད།
          འགྲུལ་པ་ཚོས“པེ་ཅིང་དང་ཐེན་ཅིན་དབར་གྱི་གྲོང་འབྲེལ་མེ་འཁོར་གྱི་གྲོང་ཁྱེར་གཅིག་པའི་གཟིགས་སྐྱོང་བྱང་བུ”འཁྱེར་ནས་པ་སེ་ཉོ་སྐབས“གྲོང་ཁྱེར་གཅིག་པའི་བྱང་བུ”ཡི་རིན་གོང་གཟིགས་སྐྱོང་ཡོད་པ་མ་ཟད་སྣུར་སྲིང་ལམ་ཐིག་གི་གཟིགས་སྐྱོང་ཡང་ཡོད། པེ་ཅིང་ལྷོ་ཚུགས་ནས་ཡུས་ཅ་པའོ་བར་མེ་འཁོར་གྱི་རྐུབ་བཀྱག་རིམ་པ་གཉིས་པར་(བརྒྱ་ཆ་95གཅོག་པའི་དངུལ་བྱང)དཔེ་བཞག་ན། རིན་གོང་བཅག་རྗེས་སྤ་སེའི་རིན་གོང་སྒོར་63.5ཡིན་པ་དེ་པེ་ཅིང་ལྷོ་ཚུགས་ནས་ཐེན་ཅིན་བར“གྲོང་ཁྱེར་གཅིག་པའི་བྱང་བུ”སྤྱད་དེ་ཉོས་པའི་སྤ་སེའི་རིན་གོང་(སྒོར་51.5)དང་ཐེན་ཅིན་ནས་ཡུས་ཅ་པའོ་བར་གྱི་སྤ་སེའི་རིན་གོང་(སྒོར་12)བསྡོམས་པ་དང་མཚུངས་ཤིང་། བབས་ཚུགས་གཞན་དག་དབར་གྱི་རིན་གོང་བཅག་རྗེས་ཀྱི་སྤ་སེའི་རིན་གོང་(རྐུབ་བཀྱག་རིམ་པ་དང་པོ་ཚུད)གོང་གསལ་ལྟར་རིམ་པས་བརྩི་ཡི་ཡོད། ཐབས་ལམ་གཞན་ནས་སྤ་སེ་ཉོ་སྐབས་པ་སེའི་རིན་གོང་བརྩི་སྟངས་པེ་ཅིང་ལྷོ་ཚུགས་ནས་ཡུས་ཅ་པའོ་བར་གྱི་རྐུབ་བཀྱག་རིམ་པ་གཉིས་པ་ལྟར་ཡིན་པ་དང་། རིན་གོང་བཅག་རྗེས་ཀྱི་སྤ་སེའི་རིན་གོང་(སྒོར་66.5)དེ་པེ་ཅིང་ལྷོ་ཚུགས་ནས་ཐེན་ཅིན་བར་གྱི་སྤ་སེའི་རིན་གོང་(སྒོར་54.5)དང་ཐེན་ཅིན་ནས་ཡུས་ཅ་པའོ་བར་གྱི་སྤ་སེའི་རིན་གོང་(སྒོར་12)བསྡོམས་པ་དང་མཚུངས། བབས་ཚུགས་གཞན་དག་དབར་གྱི་རྐུབ་བཀྱག་ཁག་གི་པ་སེའི་རིན་གོང་གོང་གསལ་ལྟར་རིམ་པས་བརྩི་ཡི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།