འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅༎ ལྔ་པའི་ཚེས་ལྔའི་གུང་གསེང་སྐབས་རྒྱལ་ཡོངས་སུ་ཁྱོན་བསྡོམས་ཡུལ་སྐོར་བ་ཐེངས་གྲངས་ཁྲི་
    8260སྣེ་ལེན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་31ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ཚེས་30ཉིན་ཡོངས་བསྒྲགས་བྱས་པའི་2017ལོའི་ལྔ་པའི་ཚེས་ལྔའི་གུང་གསེང་སྐབས་ཀྱི་ཡུལ་སྐོར་ཚོང་རའི་ཆ་འཕྲིན་ལྟར་ན། ལྔ་པའི་ཚེས་ལྔའི་གུང་གསེང་སྐབས་མང་ཚོགས་ཕྱི་རུ་འཆམ་དུ་འགྲོ་བར་སྤྲོ་བས་བརྟས་ཅིང་། ཡུལ་སྐོར་བ་ཐེངས་གྲངས་བསྟུད་མར་འཕར་བ་དང་། ཡུལ་སྐོར་ཚོང་རར་འདོན་སྤྲོད་དང་དགོས་མཁོའི་ཚད་གཉིས་ཀ་རྒྱས་ནས་བརྟན་བརླིང་ངང་འཁོར་སྐྱོད་བྱེད་བཞིན་ཡོད། རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་གཞི་གྲངས་ལྟེ་གནས་ཀྱིས་ཕྱོགས་བསྡུས་ཚད་ལེན་ཞིབ་རྩིས་བརྒྱབ་པ་ལྟར་ན། 2017ལོའི་ལྔ་པའི་ཚེས་ལྔའི་གུང་གསེང་སྐབས། རྒྱལ་ཡོངས་སུ་ཁྱོན་བསྡོམས་ཡུལ་སྐོར་བ་ཐེངས་གྲངས་ཁྲི་8260སྣེ་ལེན་བྱས་པ་དང་། ཡུལ་སྐོར་གྱི་ཡོང་སྒོ་སྒོར་དུང་ཕྱུར་337ཟིན་པ་རེད།
         འབྲུག་དབྱིབས་གྲུ་གཟིངས་འགྲན་བསྡུར་དང་འབྲས་ཐུམ་ཟ་བ། གནའ་བོའི་གྲོང་རྙིང་དུ་ཉུལ་བ་སོགས་དམངས་སྲོལ་ཉམས་ཞིབ་ཀྱི་ཡུལ་སྐོར་ལ། ལྔ་པའི་ཚེས་ལྔའི་གུང་གསེང་སྐབས་ཡུལ་སྐོར་བའི་དགའ་བསུ་ཆེན་པོ་ཐོབ་པ་དང་། "ལུའི་མ་མ་ཡུལ་སྐོར་དྲ་བ"ཡི་གཞི་གྲངས་ལས་མངོན་པ་ལྟར་ན། ལྔ་པའི་གུང་གསེང་སྐབས་སྟེགས་བུ་འདི་ལས་ཕྱིར་འགྲིམས་པའི་ཡུལ་སྐོར་བའི་ཁྲོད། དམངས་སྲོལ་ཉམས་ཞིབ་ཀྱི་ཡུལ་སྐོར་འདེམས་མཁན་མི་གྲངས་གིས་མཐའ་སྐོར་དུ་ཡུལ་སྐོར་བྱེད་མཁན་དག་ལས་བསྡུར་ཚད་ཆེ་ཤོས་བཟུང་བཟུང་ཡོད་ལ། རྒྱལ་ཁབ་གཞན་ལ་ཡུལ་སྐོར་བྱེད་པའི་ཐད་ལ། རྒྱལ་ཕྱིར་འགྲོ་འོང་ཚོགས་པའི་མ་ལག་ནས་བྱུང་བའི་རྒྱུ་ཆ་ལྟར་ན། གུང་གསེང་སྐབས་རྒྱལ་ཁབ་གཞན་ལ་བསྐྱོད་པའི་ཡུལ་སྐོར་བ་མི་གྲངས་ཁྱོན་བསྡོམས་ཐེངས་གྲངས་ཁྲི་271ཡིན་ལ། སྔོན་མའི་དུས་མཉམ་དང་བསྡུར་ན་7.1%འཕར་ཡོད། མང་ཚོགས་ཕལ་ཆེ་བས་ཕོགས་ལྡན་གུང་གསེང་ལ་བརྟེན་ནས། ཟླ་5ཚེས31དང་ཟླ་6ཚེས་1 ཟླ་6ཚེས་2བཅས་ཉིན་གསུམ་དང་ལྔ་པའི་ཚེས་ལྔའི་གུང་གསེང་། གཟའ་མཇུག་ཉིན་གཉིས་བཅས་བསྣན་ནས་གུང་གསེང་ཉིན་བརྒྱད་དུ་བཅོས་འདུག
      

    ཕྱོགས་བསྡུས་གསར་འགྱུར།