འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅༎《ཚངས་དབྱངས་རྒྱ་མཚོ་བརྗོད་བྱར་བྱས་པའི་རོལ་དབྱངས་དགོང་ཚོགས་》མི་འགྱངས་པར་
    རྒྱལ་ཡོངས་སུ་སྐོར་སྐྱོད་འཁྲབ་སྟོན་བྱེད་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་31ཉིན། 15:37】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན། བོད་ལྗོངས་ཟི་ཧྥང་ཆ་འཕྲིན་ཐོན་ལས་ཚད་ཡོད་ཀུང་སིས་གཙོ་གཉེར་དང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་མི་རིགས་བརྙན་ཐུང་འཕྲིན་ལམ་གྱིས་རོགས་ལས་བྱས་པའི་རོལ་དབྱངས་དགོང་ཚོགས་ཆེ་གྲས་《ཚངས་དབྱངས་རྒྱ་མཚོ་བརྗོད་བྱར་བྱས་པའི་རོལ་དབྱངས་དགོང་ཚོགས》ལོ་སྨད་ལ་རྒྱལ་ཡོངས་སུ་སྐོར་སྐྱོད་འཁྲབ་སྟོན་བྱེད་རྒྱུ་ཡིན་པ་དང་། ལོ་རྗེས་མར་ཕྱི་རྒྱལ་དུ་སྐོར་སྐྱོད་འཁྲབ་སྟོན་བྱེད་རྒྱུ་རེད། 
         ཆ་རྒྱུས་བྱུང་བ་ལྟར་ན། 《ཚངས་དབྱངས་རྒྱ་མཚོ་བརྗོད་བྱར་བྱས་པའི་རོལ་དབྱངས་དགོང་ཚོགས》ལ་འཆར་དངུལ་ཁྱོན་བསྡོམས་སྒོར་ཁྲི་1300བཏང་ཡོད་པ་དང་། བརྡ་ཚང་འཕྲུལ་སྣང་དང་3Dཡི་ལག་རྩལ་སྤྱད་དེ། གྱེར་འདོན་མཁན་དང་སྙན་ངག་པ། གླུ་པ། གར་མཁན་བཅས་ཀྱི་ཚོར་བས་ཐིམས་པའི་གྱེར་འདོན་དང་བརྩེ་བས་ཕྱུག་པའི་སྙན་ངག་དང་རོལ་དབྱངས་ཀྱིས། དངོས་ཐོན་བདེན་འཚོལ་དང་སྒྱུ་རྩལ་གྱི་ཉམས་ཀྱིས་ཕྱུག་པའི་ངང་ནས་ཚངས་མགུར་གྱི་ནང་དོན་དངོས་མཚོན་ཡོད། 
         ལས་གཞི་འདིའི་འགན་འཁུར་བ་ལི་ཀྲང་ཕིན་གྱིས་གསར་འགོད་པར་བཤད་དོན། 《ཚངས་དབྱངས་རྒྱ་མཚོ་བརྗོད་བྱར་བྱས་པའི་རོལ་དབྱངས་དགོང་ཚོགས》ལོ་སྨད་དུ་རྒྱལ་ནང་གི་གྲོང་ཁྱེར་ཆེན་པོ་ལྔ་རུ་སྐོར་སྐྱོད་འཁྲབ་སྟོན་བྱེད་འགོ་ཚུགས་རྒྱུ་ཡིན་པ་དང་། 2018ལོར་ཕྱི་རྒྱལ་དུ་སྐོར་སྐྱོད་འཁྲབ་སྟོན་བྱེད་རྒྱུ་རེད། དུས་མཚུངས་སུ། ཚངས་དབྱངས་རྒྱ་མཚོའི་མགུར་གླུ་པར་སྐྲུན་དང་། ཚངས་དབྱངས་རྒྱ་མཚོའི་རོལ་མོའི་གླུ་དབྱངས་ཆེད་སྒྲིག་ཚོང་རར་འགྲེམ་པ།  ལོ་མཇུག་ལ་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དང་ལྷུག་རྩོམ་བརྗོད་གཞིར་བྱས་པའི་གློག་བརྙན་དང་བརྙན་ཐུང་། དྲ་ལམ་གློག་བརྙན་བཅས་བསྐྲུན་འཆར་ཡོད་ཟེར།
      

    ཕྱོགས་བསྡུས་གསར་འགྱུར།