འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཧོ་ཧྥེ་གྲོང་ཁྱེར་གྱིས་སྐབས་དང་པོའི་ནང་སའི་བོད་ལྗོངས་འཛིན་གྲྭའི་མཐོ་རྒྱུགས་སྤྲོད་མཁན་
    ལ་རྒྱུགས་ར་ལོགས་སུ་བཀོད་སྒྲིག་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་31ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཧོ་ཧྥེ་གྲོང་ཁྱེར་སློབ་གསོ་རྒྱུགས་ལེན་པའི་ལས་ཁུངས་ནས་ཤེས་རྟོགས་བྱུང་གསལ། 2017ལོར་ཧོ་ཧྥེའི་གྲོང་ཁྱེར་གྱི་མཐོ་རྒྱུགས་ལ་རྒྱུགས་ར་གསར་པ་4སྣོན་རྒྱུ་ཡིན་ཞིང་། དེའི་ཁྲོད་ཀྱི་རྒྱུགས་ར་1ནི་སྐབས་དང་པོའི་ནང་སའི་བོད་ལྗོངས་འཛིན་གྲྭའི་མཐོ་རྒྱུགས་སྤྲོད་མཁན་སློབ་མ་74ལ་ལོགས་སུ་བཀོད་སྒྲིག་བྱ་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་སྐབས་དང་པོའི་ནང་སའི་བོད་ལྗོངས་འཛིན་གྲྭར་ཁྱོན་བསྡོམས་སློབ་མ་74མཐོ་རྒྱུགས་ལ་ཞུགས་རྒྱུ་ཡིན་པ་དང་། དེའི་ཁྲོད་དུ་རིག་ཚན་རྒྱུགས་སྤྲོད་མཁན་སློབ་མ་34ཡོད་པ་དང་། རྩིས་ཚན་རྒྱུགས་སྤྲོད་མཁན་སློབ་མ་40ཡོད་ཅིང་། ཧོ་ཧྥེ་གྲོང་ཁྱེར་ཅིན་ཧུའུ་སློབ་གྲྭ་ནི་རྒྱུགས་འདི་རིགས་ཞུགས་མཁན་གྱི་སློབ་མར་རྒྱུགས་ར་ལོགས་སུ་བཀོད་སྒྲིག་བྱ་ས་ཡིན་པའི་ཆ་ནས། དེ་རུ་རིག་ཚན་རྒྱུགས་ར་གཉིས་དང་རྩིས་ཚན་རྒྱུགས་ར་གཉིས་བཀོད་སྒྲིག་བྱ་རྒྱུ་ཡིན་པ་རེད། ནང་སའི་བོད་ལྗོངས་འཛིན་གྲྭའི་མཐོ་རྒྱུགས་སུ་ཞུགས་པའི་སློབ་མ་རྣམས་ཟླ་6ཚེས་7ཉིན་དང་ཚེས་8ཉིན་གཉིས་ཀྱི་རྒྱུགས་རར་ཞུགས་དགོས་པ་ཕུད། ད་དུང་ཚེས་9ཉིན་གྱི་སྔ་དྲོར་བོད་ཡིག་སློབ་ཚན་གྱི་རྒྱུགས་ར་ལའང་ཞུགས་དགོས་པ་རེད།
         ཧོ་ཧྥེ་གྲོང་ཁྱེར་སློབ་གསོ་རྒྱུགས་ལེན་པའི་ལས་ཁུངས་ཀྱི་ཝང་པིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ཡིག་སློབ་ཚན་གྱི་རྒྱུགས་ཤོག་ནི་བོད་ལྗོངས་སློབ་གསོ་ཐིང་གིས་ལོགས་སུ་ཧོ་ཧྥེ་གྲོང་ཁྱེར་སློབ་གསོ་རྒྱུགས་ལེན་པའི་ལས་ཁུངས་ལ་བསྐུར་ཡོང་བ་ཡིན་པ་དང་། རྒྱུགས་ལེན་ཚར་རྗེས་རྒྱུགས་ཤོག་ཕྱིར་བསྐུར་དགོས་ཅིང་། བོད་ལྗོངས་སློབ་གསོ་ཐིང་གིས་རྒྱུགས་ཤོག་དཔྱད་གཟིགས་བྱེད་འགན་འཁུར་རྒྱུ་ཡིན་པ་དང་། ནང་སའི་བོད་ལྗོངས་འཛིན་གྲྭའི་མཐོ་རྒྱུགས་ལ་ཞུགས་པའི་སློབ་མ་ཚོའི་སློབ་ཚན་གཞན་པའི་རྒྱུགས་ཤོག་ནི་རྒྱུགས་སྤྲོད་ལ་ཞུགས་མཁན་སློབ་མ་གཞན་རྣམས་དང་འདྲ་བར་ཨན་ཧུའེ་ཞིང་ཆེན་གྱིས་གཅིག་གྱུར་དུ་རྒྱུགས་ཤོག་དཔྱད་གཟིག་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།