འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཟི་ལིང་དུ་གཞུང་དཔང་ལས་སྒོ་དྲ་ཐོག་ནས་གཉེར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་31ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་དྲ་ཐོག་ནས་ལག་ཁྱེར་གཉེར་བའི་ཆ་འཕྲིན་ཅན་གྱི་མ་ལག་དངོས་སུ་སྤྱོད་འགོ་ཚུགས་ཤིང་། ས་མཐོའི་མང་ཚོགས་ཀྱིས་གློག་ཀླད་དྲ་ངོས་མཐུད་སྣེ་དང་སྐད་འཕྲིན་སྤྱི་རྟགས་བརྒྱུད་དྲ་ཐོག་ནས་གཞུང་དཔང་བྱ་རྒྱུའི་རེ་འདུན་ཞུ་ཆོག་པ་དང་སྦྲགས་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཞབས་ཞུའང་ཐོབ་ཀྱི་ཡོད་པ་རེད།
         ད་ཐེངས་ཀྱི་དྲ་ཐོག་ནས་ལག་ཁྱེར་གཉེར་བའི་ཆ་འཕྲིན་ཅན་གྱི་མ་ལག་དེ་བརྒྱུད་ཕྱི་རྒྱལ་དུ་སློབ་སྦྱོང་དང་། གཞིས་འཛུགས་གནས་སྤོ། ཚོང་དོན་ངལ་ནུས། གཉེན་འཕྲད་ཡུལ་སྐོར། གློག་རྡུལ་གཞི་གྲངས་དོ་དམ། དྲ་ཐོག་དཔང་རྟགས་ཉར་ཚགས་སོགས་གཞུང་དཔང་ལས་སྒོ་དྲ་ཐོག་ནས་གཉེར་བར་རེ་འདུན་ཞུ་བའི་བྱ་བ་སྒྲུབ་ཆོག་གི་ཡོད་པ་རེད།
         “མཚོ་སྔོན་ཞིང་ཆེན་འདི་ཉིད་ཐག་རིང་བའི་རྐྱེན་གྱིས་དེ་སྔོན་རྨ་ལྷོ་དང་། ཡུལ་ཤུལ། མགོ་ལོག་སོགས་ཀྲོའུ་དང་རྫོང་གི་མང་ཚོགས་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་དུ་གཞུང་དཔང་གཉེར་བར་ཡོང་སྐབས་ཕར་ཚུར་གྱི་ལམ་ཐག་སྤྱི་ལེ་ཆིག་སྟོང་ལྷག་ཙམ་ཟིན་ཞིང་། སྐབས་འགར་བསྟན་པའི་དཔང་རྟགས་གོ་མི་ཆོད་པར་གཞུང་དཔང་གཉེར་བར་ཐེངས་ཁ་ཤས་འགྲོ་དགོས་ཀྱི་ཡོད། ད་ཐེངས་དྲ་ཐོག་ལས་སྟེགས་བསྐྲུན་པ་བརྒྱུད་མང་ཚོགས་ཚོ‘ཡར་རྒྱུག་མར་རྒྱུག་བྱེད་མི་དགོས་ལ་བྱ་བ་ཡང་སྒྲུབ་བདེ་རུ་སོང་ཡོད’”ཅེས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཞཱ་ཏུའུ་གཞུང་དཔང་ཁྲུའུ་ཡི་ཀྲུའུ་རེན་ཆི་ཅན་ཀྲུང་གིས་བཤད།
         མང་ཚོགས་ལ་སྟབས་བདེ་བསྐྲུན་ཆེད། ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས་དྲ་སྦྲེལ་ལག་རྩལ་ལ་བརྟེན་ནས་དམངས་ཀྱི་བློ་ལ་བབ་ལ་མང་ཚོགས་ཀྱི་ཁས་ལེན་ཡང་ཐོབ་པའི་བྱེད་ཐབས་དངོས་རབ་དང་རིམ་པ་བཏོན་པས། ས་མཐོའི་མང་ཚོགས་ཀྱི་འཚོ་བར་མིག་མཐོང་ལག་ཟིན་གྱི་འགྱུར་ལྡོག་གསར་པ་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།