འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།གོར་མོ་ནས་ཁུའར་ལེ་བར་གྱི་ལྕགས་ལམ་འདིང་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་31ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གོར་མོ་ནས་ཁུའར་ལེ་བར་ལྕགས་ལམ་གྱི་འགོ་འཛུགས་བབས་ཚུགས་གོར་མོའི་བབས་ཚུགས་ལྷོ་མ་ནས་ཉིན་ཤས་གོང་ལྕགས་ལམ་ཐོག་མ་འདིང་འགོ་ཚུགས་པ་དེ་ཐོག་ནས་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་དངོས་སུ་འདིང་འགོ་ཚུགས་པ་མཚོན་ཡོད། དེས་2018ལོའི་ལོ་མཇུག་ཏུ་གོར་མོ་ནས་ཁུའར་ལེ་ལྕགས་ལམ་བར་གྱི་མཚོ་སྔོན་དུམ་བུ་ཤར་གཏོང་ཐུབ་པར་རྨང་གཞི་བཏིངས་པ་རེད།
         གོར་མོ་ནས་ཁུའར་ལེ་བར་གྱི་ལྕགས་ལམ་ནི་ཤར་གྱི་མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་ནས་ནུབ་ཀྱི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཁུའར་ལེ་གྲོང་ཁྱེར་བར་ཡིན་པར་ཁྱོན་རིང་ཚད་སྤྱི་ལེ་1213.7ཡོད་པའི་ནང་མཚོ་སྔོན་ཞིང་ཆེན་ནང་ཁོངས་སུ་སྤྱི་ལེ་505.6ཡོད། ལམ་ཧྲིལ་པོར་ཁྱོན་གོར་མོའི་ལྷོ་ངོས་དང་། ཀན་སན། རོ་བྱང་། ཁུའར་ལེ་ཤར་ངོས་སོགས་བབས་ཚུགས་86འཛུགས་རྒྱུ་དང་འཛུགས་སྐྲུན་གྱི་ཚད་གཞི་དེ་རྒྱལ་ཁབ་ཀྱི་Iརིམ་པའི་གློག་རླངས་ལྕགས་ལམ་གྱི་ལམ་ཐིག་རྐྱང་པ་ཡིན་པ་དང་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་120ཇུས་འགོད་བྱས་ཡོད།
         གོར་མོ་ནས་ཁུའར་ལེ་བར་གྱི་ལྕགས་ལམ་དེ་2014ལོའི་ལོ་མཇུག་ཏུ་སྐྲུན་འགོ་ཚུགས་པ་དང་སྐྲུན་ཡུན་ལོ་5ཡིན་པ་རེད། མཚོ་བོད་ལྕགས་ལམ་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གོར་མོ་ནས་ཁུའར་ལེ་བར་གྱི་ལྕགས་ལམ་དེ་སྔོན་དཔག་བྱས་ན་2019ལོར་ཁྱོན་ཡོངས་ནས་ཤར་གཏོང་ཐུབ་སྟེ་ལས་གཉེར་བྱ་རྒྱུ་ཡིན་པ་དང་། དེའི་ནང་མཚོ་སྔོན་དུམ་བུ་2018ལོའི་ལོ་མཇུག་ཏུ་ཤར་གཏོང་ཐུབ་ནས་ལས་སྒོ་གཉེར་རྩིས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།