འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ད་ལོར་རང་རྒྱལ་གྱི་དབུས་ནུབ་ས་ཁུལ་ལ་དམིགས་ནས"རྒྱལ་ཁབ་ཀྱིས་སློབ་ཡོན་མི་དགོས་
    པར་གསོ་རིག་སློབ་མ"5810གསོ་སྐྱོང་བྱེད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་31ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ད་ལོར་རང་རྒྱལ་གྱི་དབུས་ནུབ་ས་ཁུལ་ལ་དམིགས་ནས'རྒྱལ་ཁབ་ཀྱིས་སློབ་ཡོན་མི་དགོས་
པར་གསོ་རིག་སློབ་མ'5810གསོ་སྐྱོང་བྱེད་རྒྱུ་ཡིན་པ།
          མི་དམངས་དྲ་བའི་འཕྲིན། ཉེ་སྔོན། སློབ་གསོ་པུའུ་ཡིས་《2017ལོའི་ཀྲུང་དབྱང་ནོར་སྲིད་ཀྱིས་དབུས་ནུབ་ས་ཁུལ་གྱི་གྲོང་གསེབ་ལ་རྒྱབ་སྐྱོར་བྱས་ནས་སློབ་ཡོན་མི་དགོས་པར་གསོ་རིག་དངོས་གཞིའི་སློབ་མ་བསྡུ་ལེན་གསོ་སྐྱོང་ལས་དོན་ཡག་པོར་བསྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ་》བཏང་བ་རེད། བརྡ་ཐོ་རུ་2017ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་མཐོ་རིམ་གསོ་རིག་སློབ་གྲྭས་དབུས་ནུབ་ས་ཁུལ་གྱི་གྲོང་གསེབ་དང་གྲོང་རྡལ་འཕྲོད་བསྟེན་ཁང་དུ་སྔོན་མངགས་དང་ལས་གནས་གཏན་འཁེལ་གྱི་སློབ་ཡོན་མི་དགོས་པར་ལོ་ལྔའི་གསོ་སྐྱོང་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་གི་གསོ་རིག་སློབ་མ་ཁྱོན་བསྡོམས་5810བསྡུ་ལེན་བྱེད་ཡིན་པ་བསྟན་ཡོད་ཅིང་། ཐོ་འགོད་སློབ་མ་ངེས་པར་དུ་རྒྱལ་ཡོངས་གཅིག་གྱུར་གྱི་མཐོ་རྒྱུགས་སུ་ཞུགས་དགོས་ལ། སློབ་ཆེན་གདམ་གསེས་སུ་རིགས་གཅིག་དང་བླངས་དང་། རིགས་གཅིག་ཁག་གྲངས། གྲོང་གསེབ་ནས་ཡིན་པའི་སློབ་མ་བསྡུ་ལེན་བྱེད་རྒྱུ་རེད། ཐེངས་འདིར། "རྒྱལ་ཁབ་ཀྱིས་སློབ་ཡོན་མི་དགོས་པའི་སློབ་མ"ཡི་སློབ་བསྡུའི་འཆར་གཞི་འདིས་འབྲེལ་ཡོད་སློབ་གྲྭའི་དངོས་གཞི་རིམ་པ་ནས་ཡོངས་ཁུངས་འཆར་གཞིའི་ནང་སྒྲིག་ཁོངས་ལོགས་སུ་བཟོ་བ་ཡིན་ཞིང་། སློབ་བསྡུ་ཆེད་ལས་ནི་ནད་ཐོག་གསོ་རིག་དང་། ཀྲུང་ལུགས་གསོ་རིག སོག་ལུགས་གསོ་རིག བོད་ལུགས་གསོ་རིག ཡུ་གུར་ལུགས་ཀྱི་གསོ་རིག ཧ་སག་ལུགས་ཀྱི་གསོ་རིག ཏའེ་ལུགས་གསོ་རིག་བཅས་ཡོད་པ་རེད།
            ཤེས་རྟོགས་བྱུང་གསལ་དུ། སློབ་ཡོན་མི་དགོས་པར་ལས་གནས་གཏན་འཁེལ་གྱི་དངོས་གཞིའི་གསོ་རིག་སློབ་མ་བསྡུ་ལེན་བྱས་རྗེས་དང་སློབ་བསྡུའི་བརྡ་ཐོ་མ་འབྱོར་གོང་ལ། ངེས་པར་དུ་གསོ་སྐྱོང་སློབ་གྲྭ་དང་ལས་གནས་གཏན་འཁེལ་གྱི་ལས་ཞུགས་ས་གནས་ཀྱི་རྫོང་རིམ་པའི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཁག་ཏུ་གནས་གཏན་གསོ་སྐྱོང་དང་ལས་ཞུགས་གྲོས་མཐུན་འཇོག་དགོས་པ་རེད། སློབ་ཡོན་མི་དགོས་པའི་གནས་གཏན་དངོས་གཞིའི་གསོ་རིག་སློབ་མའི་སློབ་དུས་སྐབས་ཀྱི་ཁྱིམ་ཐོ་སྔར་བཞིན་སྔོན་ཆད་ཀྱི་སྡོད་ཁོངས་སུ་འཇོག་པ་དང་། སློབ་མཐར་ཕྱིན་རྗེས་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་ལས་ཞུགས་ས་གནས་སུ་བསྒྱུར་དགོས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།