འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་སྐྱོར་སྨན་པ་ལི་ཅ་མོའུ་ཡིས་ས་མཐོར་བྱས་རྗེས་འཇོག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་31ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་སྐྱོར་སྨན་པ་ལི་ཅ་མོའུ་ཡིས་ས་མཐོར་བྱས་རྗེས་འཇོག་པ།
         མི་དམངས་དྲ་བའི་འཕྲིན། ན་ནིང་ཟླ་7པར། སྨན་པ་ལི་ཅ་མོའུ་པེ་ཅིང་ཐེན་ཐན་སྨན་ཁང་ནས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་དུས་ཡུན་ལོ་གཅིག་གི་བོད་སྐྱོར་ལས་འགན་སྒྲུབ་པར་སླེབས། ཁོང་གིས་རང་ཉིད་ཀྱི་ཆེད་ལས་ལག་རྩལ་ལ་བརྟེན་ནས་དེ་སྔ་སྨན་ཁང་འདིར་བྱེད་མྱོང་མེད་པའི་སྒལ་ཚིགས་གཤགས་བཅོས་བྱས་པ་མ་ཟད། བོད་རིགས་སྨན་པར་ལག་ལེན་དམར་འཁྲིད་ཀྱང་བྱས་པ་རེད། ད་བར་སྨན་པ་ཁོང་གིས་གཤགས་བཅོས་ཐེངས་50ལྷག་ཙམ་ལ་མཛུབ་ཁྲིད་བྱས་པ་དང་། ཁོང་རང་ཉིད་ཀྱིས་གཤགས་བཅོས་ཐེངས་20ལྷག་ཙམ་བྱས་ཤིང་། གོང་གི་པར་རིས་ནི་ལི་ཅ་མོའུ་(གཡོན་)ཡིས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་བོད་རིགས་སྨན་པར་Xའོད་པར་ལ་བརྟེན་ནས་ནད་རྟགས་དབྱེ་ཞིབ་བྱེད་སྟངས་སློབ་བཞིན་པ། 
      

    ཕྱོགས་བསྡུས་གསར་འགྱུར།