འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅༎ཀྲུང་དབྱི་རྒྱལ་ཁབ་གཉིས་ཀྱི་གྲོགས་པོས་གྲུ་ཤན་འབྲུག་མགོ་ཅན་འགྲན་ནས་ལྔ་པའི་
    ཚེས་ལྔའི་དུས་ཆེན་གཏོང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་31ཉིན། 12:02】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཚེས་28ཉིན་སྐབས་གཉིས་པའི"དབྱི་ཐ་ལིའི་ཀྲུང་གོའི་མ་འཇོག་ཁེ་ལས་མཐུན་ཚོགས་བུམ་པའི"ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གྲུ་ཤན་འབྲུག་མགོ་ཅན་གཏོང་བའི་འགྲན་བསྡུར་སྨི་ལན་གྲོང་ཁྱེར་དུ་གཉེར་བ་རེད། དབྱི་ཐ་ལིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དང་ཁེ་སྐྱོང་ལས་ཤག་གི་ཕྱི་འབྲེལ་དཔོན་དང་། དབྱི་ཐ་ལིའི་ཆབ་སྲིད་དང་ཚོང་དོན་ལས་རིགས་ཀྱི་མི་སྣ་དང་དེ་བཞིན་ས་གནས་དེ་གའི་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱི་འཐུས་མི་བཅས་བྱེད་སྒོར་ཞུགས་ཡོད་པ་རེད།
         གྲུ་ཤན་འབྲུག་མགོ་ཅན་གཏོང་བའི་འགྲན་བསྡུར་དེ་སྨི་ལན་གྲོང་ཁུལ་ཤར་རྒྱུད་ཀྱི་མི་བཟོས་མཚེའུ་ཞིག་གི་ཐོག་གཉེར་བ་དང་། ཁྱོན་གྲུ་ཤན་འབྲུག་མགོ་ཅན་གྱི་རུ་ཁག་12འགྲན་བསྡུར་ནང་ཞུགས་ཡོད་པ་རེད། གྲུ་ཤན་འབྲུག་མགོ་ཅན་མཚེའུ་ཡི་ཐོག་མགྱོགས་མྱུར་བསྐྱོད་པ་དང་བསྟུན་ནས་འབྲུག་སྒྲ་ལྡིར་བ་ལྟར་གྱི་མཁར་རྔའི་སྒྲ་དང་ངར་སློང་གི་སྒྲའི་ཁྲོད་དུ་མི་ཚོས་ནུས་ཤུགས་ཡོད་རྒུས་སྐྱ་བ་བརྒྱབ་ནས་གཅིག་ལ་གཅིག་འགྲན་གྱིས་མདུན་སྐྱོད་བྱེད་བཞིན་ཡོད་པ་རེད། དེ་ཉིན་ཏག་ཏག་གཟའ་མཇུག་འཁེལ་བས་སྤྲོ་གསེང་རོལ་རྩེད་བྱེད་མཁན་ཡུལ་སྐོར་བ་མང་པོ་དེ་ཁུལ་དུ་ལྟད་མོ་བལྟ་བར་ཡོང་བ་དང་འབྲེལ་ལག་ཐོགས་ཁ་པར་སྤྱད་ནས་ལྟད་མོ་ཆེ་བའི་འགྲན་བསྡུར་དེ་པར་བརྒྱབ་ཡོད་པ་རེད།
         མཚེའུ་ངོགས་སུ་ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའི་གནམ་གྲུའི་ཞབས་ཞུ་མ་ཚོས་སྙན་འཇེབས་ལྡན་པའི་ཀྲུང་གོའི་གནའ་བོའི་རོལ་ཆ་ཀུའུ་ཀྲེང་གི་སྒྲའི་ཁྲོད་ཀྲུང་གོའི་སྲོལ་རྒྱུན་ཇ་རྩལ་འཁྲབ་སྟོན་བྱས་པ་རེད། བྱེད་སྒོ་གཙོ་གཉེར་བྱེད་མཁན་དབྱི་ཐ་ལིའི་ཀྲུང་གོའི་མ་འཇོག་ཁེ་ལས་མཐུན་ཚོགས་ཀྱིས་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ཞིམ་ཟས་ལོ་སྒྲིལ་འབྲས་ཆན་གྲ་སྒྲིག་བྱས་ཤིང་། དྲི་ཞིམ་འཐུལ་བའི་ལོ་སྒྲིལ་འབྲས་ཆན་གྱིས་དེ་ཁུལ་དུ་ཡོད་པའི་ཀྲུང་ཕྱིའི་གྲོགས་པོའི་ཡིད་དབང་རབ་ཏུ་འཕྲོག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།