འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཅིང་ཏུང་ལྷ་ས་ཟོག་འགྲེམས་གླིང་གི་ལས་སྒོ་གཉེར་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་31ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཅིང་ཏུང་གི་བོད་ཀྱི་མཛོད་འཇོག་ཟོག་འགྲེམས་གླིང་དུ་དངོས་སུ་ལས་སྒོ་གཉེར་འགོ་ཚུགས་པ་དེ་ནི་བོད་ཀྱི་དྲ་ཐོག་ཚོང་དོན་ཁེ་ལས་ལ་ཆེད་དུ་བདག་པའི་ཟོག་འགྲེམས་གླིང་དང་པོ་ཡིན་པ་དང་། དྲ་ཐོག་ཚོང་པས་ཅ་དངོས་སྐྱེལ་སྐབས་གངས་ལྗོངས་ས་མཐོར“ཉིན་གཉིས་པར”འབྱོར་བ་མངོན་འགྱུར་བྱུང་བ་དང་ཁྱིམ་སྤྱོད་གློག་ཆས་ཆེ་གྲས་ལྷ་སའི་གྲོང་ཁུལ་དུ“ཉིན་དེ་རང་དུ”འབྱོར་བ་མངོན་འགྱུར་བྱུང་ཡོད་པ་རེད།
         ཅིང་ཏུང་ལྷ་ས་མཛོད་འཇོག་ཟོག་འགྲེམས་གླིང་དེ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཤང་དུ་གནས་པ་དང་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲིར་ཉེ་བ་ཟིན་པའི་ནང་ནས་ལྷ་སའི་ཅ་དངོས་འབྲིང་ཆུང་གཉིས་ཀྱི་མཛོད་ཁང་དུ་བཟའ་བཅའ་དང་སྒེར་གྱི་བྱུག་རྫས་སོགས་རིགས་ཁག་ཚུད་ཡོད་པ་དང་། ལྷ་སའི་ཅ་དངོས་ཆེ་གྲས་ཀྱི་མཛོད་ཁང་དུ་བརྙན་འཕྲིན་དང་། འཁྱག་སྒམ། གོས་འཁྲུད་འཕྲུལ་འཁོར། མཁའ་རླུང་སྙོམས་སྒྲིག་འཕྲུལ་འཁོར་སོགས་ཁྱིམ་སྤྱོད་གློག་ཆས་ཆེ་གྲས་རིགས་ཀྱི་ཚོང་ཟོག་ཚུད་ཡོད་པ་རེད།
         ཅིང་ཏུང་ཟོག་འགྲེམས་ལྷོ་ནུབ་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བས། ད་ཐེངས་མཛོད་ཁང་བསྐྲུན་ཟིན་རྗེས་ཅ་དངོས་འབྲིང་ཆུང“ཉིན་གཉིས་པར”འབྱོར་བའི་ཁྱབ་ཁོངས་ནང་ལྷ་ས་གྲོང་ཁྱེར་གྱི་ཁྲེང་ཀོན་ཆུས་དང་སྟོད་ལུང་བདེ་ཆེན་ཆུས་དང་། ལྷོ་ཁ་གྲོང་ཁྱེར་གྱི་གོང་དཀར་རྫོང་དང་སྣེ་གདོང་ཆུས་གཉིས་ཚུད་ཡོད། ཉིང་ཁྲི་གྲོང་ཁྱེར་གྱི་བྲག་ཡིབ་ཆུས་དང་གཞིས་རྩེ་གྲོང་ཁྱེར་གྱི་བསམ་གྲུབ་རྩེ་ཆུས་གཉིས“ཉིན་གསུམ་པར”འབྱོར་བའི་ཁོངས་སུ་གཏོགས་པ་དང་། དེ་མིན་གྱི་ས་ཁུལ་དུ་རིམ་བཞིན་ཁྱབ་པ་བྱ་རྒྱུ་རེད་ཅེས་བཤད།
         ཁྱིམ་སྤྱོད་གློག་ཆས་ཆེ་གྲས་སྐྱེལ་བའི་ཐད་ན་ནིང་ཅིང་ཏུང་གིས་བོད་དུ་སྲིད་འཛིན་ཆུས་རྫོང་ཚང་མར་སྐྱེལ་བ་མངོན་འགྱུར་བྱུང་བ་དང་། ལྷ་སའི་གླིང་ལས་གཉེར་བྱེད་འགོ་ཚུགས་རྗེས་ཁྱིམ་སྤྱོད་གློག་ཆས་ཆེ་གྲས་སྐྱེལ་བའི་དུས་ཡུན་ཉིན་བདུན་ཐུང་དུ་གཏོང་ཐུབ་པ་དང་ཆབས་ཅིག སྤུས་ཀ་ལེགས་པའི་ཟོག་འགྲེམས་ཞབས་ཞུ་དང་སྒྲིག་སྦྱོར་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་རྒྱུ་ཡིན་པ་རེད།
         འབྲེལ་ཡོད་འགན་འཁུར་བས། ཅིང་ཏུང་མཛོད་འཇོག་ཟོག་འགྲེམས་གླིང་ལས་གཉེར་བྱས་པ་ལས་བོད་ཀྱི་མི་སེར་ཚོར་དྲ་ཐོག་འཛད་སྤྱོད་ཉོ་སྒྲུབ་ལ་སྟབས་བདེ་བའི་སྐྱེལ་འདྲེན་ཐབས་ལམ་མཁོ་འདོན་བྱས་ནས་སྐྱེལ་ཡུན་ཐུང་དུ་ཤུགས་ཆེན་བཏང་ཡོད་ལ། དངོས་ཟོག་ཉོ་མང་བའི་དུས་སུ་སྐྱེལ་མཁན་དཀོན་པའི་གནས་ཚུལ་ཡང་ཞི་ལྷོད་དུ་གཏོང་ཐུབ། འདི་ལོའི་ཟླ་4པར། ཅིང་ཏུང་གིས་ཅིང་ཏུང་ཟོག་འགྲེམས་ཡན་ལག་ཚོགས་པ་འཛུགས་རྒྱུའི་ཁྱབ་བསྒྲགས་དངོས་སུ་བྱས་ནས་ལས་རིགས་ཁག་གི་སྐུ་མགྲོན་ལ་མཛོད་འཇོག་དང་། སྐྱེལ་འདྲེན། སྡེབ་སྐྱེལ། ཞབས་ཞུ། བཙོངས་རྗེས་བཅས་ཀྱི་ཕར་ཚུན་གཞི་གཅིག་ཅན་གྱི་མཁོ་སྤྲོད་སྦྲེལ་ཐག་ཐག་གཅོད་ཇུས་གཞིའི་ཞབས་ཞུ་དང་། ཟོག་འགྲེམས་སྤྲིན་ཚོགས+ཚན་རྩལ་ཞབས་ཞུ། མངའ་ཁོངས་སྒྲོལ་བའི་ཟོག་འགྲེམས་ཞབས་ཞུ། མྱུར་སྐྱེལ་དང་མྱུར་འདྲེན་ཞབས་ཞུ་སོགས་ཕྱོགས་ཡོངས་ཀྱི་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱེད་བཞིན་ཡོད། 2007ལོ་ནས་2017ལོ་བར་གྱི་ལོ་བཅུའི་རིང་། ཅིང་ཏུང་གིས་ཟོག་འགྲེམས་མ་ལག་རང་བསྐྲུན་དམིགས་ཚད་ལེགས་གྲུབ་བྱས་ནས་ཅིང་ཏུང་ཟོག་འགྲེམས་ཀྱིས་དངོས་ཟོག་དབོར་ཐེངས་ཉུང་དུ་གཏོང་བ་དང་སྤྱི་ཚོགས་ཀྱི་ལས་ཆོད་མཐོ་རུ་གཏོང་ཕྱིར་གལ་ཆེའི་ནུས་པ་འདོན་སྤེལ་བྱས་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།