འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།སི་རི་ལན་ཁར་ཆུ་ལོག་དང་རི་ཉིལ་གནོད་འཚེ་བྱུང་ནས་མི་177རྐྱེན་ལམ་དུ་ཤོར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་31ཉིན། 11:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སི་རི་ལན་ཁར་ཆུ་ལོག་དང་རི་ཉིལ་གནོད་འཚེ་བྱུང་ནས་མི་177རྐྱེན་ལམ་དུ་ཤོར་བ།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་29ཉིན། སི་རི་ལན་ཁ་རྒྱལ་ཁབ་གནོད་འཚེ་དོ་དམ་ལྟེ་གནས་ཀྱིས་རྒྱལ་ཁོངས་སུ་དྲག་ཆར་བབས་རྐྱེན། ཆུ་ལོག་དང་རི་ཉིལ་གྱི་གནོད་འཚེ་བྱུང་ནས་མི་177རྐྱེན་ལམ་དུ་ཤོར་བ་དང་། མི་109གར་སོང་ཆ་མེད་དུ་གྱུར་ཡོད་པ། ཁྱིམ་ཚང་ཁྲི་བཅུ་ལྷག་ཙམ་ལ་གནོད་འཚེ་བྱུང་ཡོད་པ་རེད་ཅེས་གསལ་བསྒྲགས་སྤེལ་བ་རེད།
          སྔོན་བརྡ་གསར་ཤོས་ལས་མངོན་པར་གཞིགས་ན། དྲག་ཆར་བྱུང་རྐྱེན་གྱི་རླུང་འཁོར"མའོ་ལཱ"ནི་སི་རི་ལན་ཁ་རྒྱལ་ཁོངས་དང་བྲལ་ཡོད་ལ། ས་ཁུལ་ཁ་ཤས་སུ་གནམ་གཤིས་ཐང་ཡོད་ཀྱང་། ལྷོ་ནུབ་དུས་རླུང་གི་ཤུགས་རྐྱེན་འོག  ས་ཁུལ་མང་པོ་ཞིག་ཏུ་ད་དུང་དྲག་ཆར་འབབ་རྒྱུ་ཡིན་ཞིང་། གཙང་པོ་ཁ་ཤས་ཀྱི་ཆུ་རྒྱུན་ཇེ་རྒྱས་སུ་ཕྱིན་ཡོད་པས། ཆར་པ་བབས་པ་ལས་ཆུ་རགས་སོགས་ནུབ་ཉེན་སྔར་བས་ལྷག་པ་ཡོད་པ་རེད། ད་ལྟ། མྱུར་སྐྱོབ་རུ་ཁག་གིས་གནོད་བྱུང་ཁུལ་དུ་འཚོལ་ཞིབ་མྱུར་སྐྱོབ་བྱེད་བཞིན་ཡོད་ཅིང་། སི་རི་ལན་ཁ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་གནས་སྐབས་བདེ་འཁོད་གནས་གཞི་304ཙམ་བཙུགས་ནས་གནོད་འཚེ་བྱུང་བའི་མང་ཚོགས་སྣེ་ལེན་བྱེད་ཀྱི་ཡོད་པ་རེད།
    ༄༅།།སི་རི་ལན་ཁར་ཆུ་ལོག་དང་རི་ཉིལ་གནོད་འཚེ་བྱུང་ནས་མི་177རྐྱེན་ལམ་དུ་ཤོར་བ།
    ༄༅།།སི་རི་ལན་ཁར་ཆུ་ལོག་དང་རི་ཉིལ་གནོད་འཚེ་བྱུང་ནས་མི་177རྐྱེན་ལམ་དུ་ཤོར་བ།
    ༄༅།།སི་རི་ལན་ཁར་ཆུ་ལོག་དང་རི་ཉིལ་གནོད་འཚེ་བྱུང་ནས་མི་177རྐྱེན་ལམ་དུ་ཤོར་བ།
      

    ཕྱོགས་བསྡུས་གསར་འགྱུར།