འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲན་ཤིས་སུ་ལོ་13ནང་ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་ཚད་29.7%མཐོ་རུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་31ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་སྲིད་ཇུས་2004ལོར་ལག་བསྟར་བྱེད་འགོ་བཙུགས་པ་ནས་ན་ནིང་བར་དུ་ཧྲན་ཤིས་ཀྱི་ཞིང་ལས་སྐྱེ་དངོས་གཙོ་བོའི་ཕྱོགས་བསྡུས་འཕྲུལ་ཆས་ཅན་གྱི་ཆུ་ཚད་66.6%ཟིན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་1.6མཐོ་བ་དང་2003ལོ་ལས་བརྒྱ་ཆའི་གྲངས་29.7མཐོ་རུ་ཕྱིན་ཡོད་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། 2016ལོའི་ལོ་མཇུག་བར་ཧྲན་ཤིས་ཞིང་ཆེན་གྱིས་ཀྲུང་དབྱང་ནོར་སྲིད་མ་དངུལ་ཁྱོན་སྒོར་དུང་ཕྱུར་44.73དང་ཞིང་ཆེན་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་2.19བེད་སྤྱོད་བྱས་པ་དང་། ཞིང་པར་སྐུལ་ཁྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་109.57བཏང་བ། ཞིང་དུད་ཁྲི་66.25ལ་རོགས་རམ་བྱས་ཏེ་ཞིང་ལས་འཕྲུལ་ཆས་སྣ་ཚོགས་ཁྲི་89.89ཉོས་པ་རེད། ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་སྲིད་ཇུས་ལ་བརྟེན་ནས་སྐུལ་འདེད་བཏང་བའི་འོག་ཧྲན་ཤིས་ཀྱི་ཞིང་ལས་འཕྲུལ་ཆས་ཅན་དུ་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། མིག་སྔར། ཧྲན་ཤིས་ཀྱི་ཞིང་ལས་འཕྲུལ་ཆས་ཅན་དུ་སྒྱུར་བའི་ལས་དོན་དེ་དམའ་རིམ་དུས་མཚམས་ནས་འབྲིང་རིམ་དུས་མཚམས་སུ་མཆོང་སྐྱོད་བྱུང་བ་དང་། ཐོན་སྐྱེད་བྱེད་སྟངས“འཕྲུལ་ཆས་ལ་བརྟེན་ནས་བྱེད་པའི”རྣམ་པ་གཙོ་བོར་གྱུར་པ། ཧྲན་ཤིས་ཀྱི་དེང་རབས་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།