འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ནང་སོག་གི་རི་བོ་ཏ་ཤིན་ཨན་ལིང་དུ་ནགས་ཚལ་མེ་སྐྱོན་ཐེངས་གསུམ་བསྟུད་མར་ཐོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་31ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་27ཉིན་གྱི་ཆུ་ཚོད་10དང་སྐར་མ་50ཙམ་ལ་ནང་སོག་གི་རི་བོ་ཏ་ཤིན་ཨན་ལིང་བྱང་རྒྱུད་ཀྱི་གདོད་མའི་ནགས་ཁུལ་ཝུའུ་མ་ནགས་ལས་ཅུས་ཀྱི་ཝུའུ་ཡོན་ནགས་ར་དང་། ཡུང་ཨན་ཧྲན་ནགས་ལས་ཅུས་ཀྱི་མའོ་ཧོ་ནགས་ར། པེ་ཏ་ཧོ་གཙང་པོའི་ནགས་ལས་ཅུས་ཀྱི་དབུན་ཧོ་ནགས་ར་བཅས་སུ་ཐོག་བརྒྱབ་ནས་ནགས་ཚལ་ལ་མེ་སྐྱོན་གཅིག་རྗེས་གཉིས་མཐུད་ངང་ཐོན་པ་རེད།
          མེ་སྐྱོན་ཐོན་རྗེས་དྲག་ཆས་ཉེན་རྟོག་ནང་སོག་ནགས་ཚལ་སྤྱི་ཁྱབ་རུ་ཁག་རི་བོ་ཏ་ཤིན་ཨན་ལིང་ཡན་ལག་རུ་ཆེན་གྱིས་ཉེན་ཁའི་འགག་རྩར་ལས་འགན་དང་དུ་བླངས་ནས་དུས་ཐོག་ཏུ་དམག་མི་སྐོང་འཐེན་གྱིས་དམག་འཐབ་ཚན་པ་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་དང་ས་ངོས་དང་མཁའ་དབྱིངས་ཟུང་འབྲེལ་གྱིས་མགྱོགས་མྱུར་ཕར་རྒོལ་བྱས་ཏེ་དུས་ཚོད་ཐུང་ཤོས་ནང་མེ་སྐྱོན་ཐོན་སར་བསྐྱོད་དེ་མེ་བསད་པ་རེད། ཚེས་28ཉིན་གྱི་ཆུ་ཚོད་9པ་བར་མེ་གསོད་དཔོན་དམག་གིས་ཉིན་མཚན་བསྟུད་མར་འབད་འཐབ་བྱས་པ་བརྒྱུད་མེ་སྐྱོན་ཐོན་ཁུལ་གསུམ་རྦད་དེ་མཐའ་བསྐོར་ནས་མེ་བསད་པ་དང་རྗེས་སུ་སྐོར་གཡེང་དང་གཙང་སེལ་ལས་དོན་སྤེལ་རྒྱུ་རེད།
          ཚེས་27ཉིན་གྱི་ཆུ་ཚོད་21དང་སྐར་མ་25ཡི་ཐོག་ཝུའུ་མ་ནགས་ལས་ཅུས་ཀྱི་ཝུའུ་ཡོན་ནགས་རའི་མེ་སྐྱོན་ཐོན་ཁུལ་དུ་རྦད་དེ་མཐའ་བསྐོར་ཐུབ་པ་དང་མིག་སྔར་མེ་སྤྱིར་ན་གསོད་ཐུབ་ནས་མེ་གསོད་མི་སྣས་གཙང་སེལ་ལས་དོན་སྤེལ་བཞིན་ཡོད། མེ་སྐྱོན་རྒྱ་ཁྱོན་སྤྱི་ཆིངས་25ཙམ་ཟིན་ཡོད།
         ཡུང་ཨན་ཧྲན་ནགས་ལས་ཅུས་ཀྱི་མའོ་ཧོ་ནགས་རའི་མེ་སྐྱོན་ཐོན་ཁུལ་དུ་བཙལ་འཚོལ་ཡང་ཡང་བྱས་པ་བརྒྱུད། ཚེས་28ཉིན་གྱི་ཆུ་ཚོད་8དང་སྐར་མ་46སྐབས་ཐོག་ཕོག་པའི་ཤིང་ལ་དུ་བ་ཡོད་རུང་མེ་སྐྱོན་བྱུང་མེད་པས་མེ་གསོད་མི་སྣས་གཙང་སེལ་ཐག་གཅོད་བྱེད་བཞིན་ཡོད་པ་རེད། མེ་སྐྱོན་རྒྱ་ཁྱོན་སྔར་བས་ཞིབ་དཔྱད་བྱེད་བཞིན་ཡོད།
         ཚེས་27ཉིན་གྱི་ཆུ་ཚོད་20དང་སྐར་མ་50ཡི་ཐོག་པེ་ཏ་ཧོ་གཙང་པོའི་ནགས་ལས་ཅུས་ཀྱི་དབུན་ཧོ་ནགས་རའི་མེ་སྐྱོན་ཐོན་ཁུལ་གྱི་མཐའ་བསྐོར་ནས་མེ་རྦད་དེ་བསད་ཟིན་ནས་གཙང་སེལ་དང་ལྟ་སྲུང་གི་ལས་དོན་སྤེལ་བཞིན་ཡོད་པ་དང་། མེ་སྐྱོན་རྒྱ་ཁྱོན་ཞིབ་དཔྱད་བྱེད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།