འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི“གྲངས་གཞི་ཆེ་མོའི་ཐོན་ལས་ཀྱི་དངོས་མང་སྟོན་ཚོགས”མཇུག་འགྲིལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་31ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པས་2017ལོའི་ཀྲུང་གོའི་རྒྱལ་སྤྱིའི་གྲངས་གཞི་ཆེ་མོའི་ཐོན་ལས་དངོས་མང་སྟོན་ཚོགས་ཀྱི་གྲུབ་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། སྐབས་འདིའི་གྲངས་གཞི་ཆེ་མོའི་ཐོན་ལས་དངོས་མང་སྟོན་ཚོགས་ཐོག་ཁྱོན་རྣམ་གྲངས་119ལ་མིང་རྟགས་བཀོད་པ་དང་མིང་རྟགས་བཀོད་པའི་དངུལ་གྲངས་སྒོར་དུང་ཕྱུར་167ལྷག་ཙམ་ཟིན་པ་དང་། ཁྱོན་ཁེ་ལས་1479དང་འབྲེལ་མཐུད་བྱས་ནས་འདོད་མཐུན་རྣམ་གྲངས་235གན་རྒྱ་བཞག་པ་དང་འདོད་མཐུན་དངུལ་གྲངས་སྒོར་དུང་ཕྱུར་256ལྷག་ཙམ་ཟིན་ཡོད་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། གྲངས་གཞི་ཆེ་མོའི་ཐོན་ལས་དངོས་མང་སྟོན་ཚོགས་རིང་གྲངས་གཞིའི་དཔལ་འབྱོར་དང་། ས་ཁོངས་འབྲེལ་མཐུད། གྲངས་གཞི་མཉམ་སྤྱོད་དང་སྒོ་དབྱེ། མི་ཐབས་ཀྱི་རིག་ནུས་སོགས་ཁག་ཆེ་གྲས་7ལ་དམིགས་ནས་གླེང་སྟེགས་77གཉེར་བ་དང་ཆབས་ཅིག་ཆེད་ལས་འགྲེམས་ཁང་6བཙུགས་པ་དང་འགྲེམས་གནས་ཀྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་6ཟིན་ཡོད། འགྲེམས་སྟོན་ནང་ཞུགས་མཁན་ཁེ་ལས་316ཡོད་པའི་ཁྲོད་ཀྲུང་གོའི་ཁེ་ལས་51ཡོད་པ་དང་འགྲེམས་སྟོན་ལ་ལྟ་བར་ཡོང་མཁན་མི་ཐེངས་ཁྲི་5ལས་བརྒལ་ཡོད།
         གཞན་ཡང་གྲངས་གཞི་ཆེ་མོའི་ཐོན་ལས་དངོས་མང་སྟོན་ཚོགས་རིང་སྲིད་གཞུང་གི་བཅོས་སྐྱོང་ནུས་པའི་གྲངས་གཞི་ཆེ་མོ་སྤྱོད་པའི་ལག་རྩལ་མཐོ་རུ་གཏོང་བའི་རྒྱལ་ཁབ་ལས་གྲྭའི་ཚོད་ལྟ་ཁང་གི་སྒོ་བྱང་བཀལ་བ་དང་རྒྱལ་ཁབ་ཀྱི་གྲངས་གཞི་ཆེ་མོའི་རིགས་གཅིག་མཁས་ཅན་བློ་འདྲི་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་གྲངས་གཞི་ཆེ་མོའི་གསར་གཏོད་མནའ་འབྲེལ་བཙུགས་ཡོད། ཀྲུང་གོའི་(ཀུའེ་ཀྲོའུ)“གྲངས་གཞི་ཆེ་མོའི་དར་གོས་ལམ་བུའི”རྒྱལ་མཚམས་སྒྲོལ་བའི་གྲངས་གཞིའི་འགག་རྩའི་མཛོད་སྤྱོད་འགོ་ཚུགས་ཡོད།
         2017ལོའི་ཀྲུང་གོའི་རྒྱལ་སྤྱིའི་གྲངས་གཞི་ཆེ་མོའི་ཐོན་ལས་དངོས་མང་སྟོན་ཚོགས་ཟླ་5ཚེས་25ནས་28ཉིན་བར་ཀུའེ་དབྱང་གྲོང་ཁྱེར་དུ་གཉེར་བ་དང་ལོ་འཁོར་གྱི་བརྗོད་དོན་གཙོ་བོ་ནི་གྲངས་གཞིའི་དཔལ་འབྱོར་གྱིས་འཕར་གཞི་གསར་པར་སྣེ་ཁྲིད་བྱེད་ཅེས་པ་དེ་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།