འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་སུ་གསང་སྤྱོད་52485གསར་སྐྲུན་རྒྱས་སྐྲུན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་31ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ཡུལ་སྐོར་ཅུས་ཀྱིས་ཉེ་ཆར་ཁྱབ་བསྒྲགས་བྱས་པའི་《གསང་སྤྱོད་གསར་བརྗེ་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་སྙན་ཞུའི་》ནང་མངོན་པར་གཞིགས་ན། 2015ལོའི་ལོ་སྟོད་ནས་2017ལོའི་ཟླ་བཞི་པའི་ཟླ་མཇུག་བར་ཏུ། རྒྱལ་ཡོངས་སུ་ཁྱོན་གསང་སྤྱོད་52485གསར་སྐྲུན་རྒྱས་སྐྲུན་བྱས་པ་དེས་གསང་སྤྱོད་གསར་བརྗེའི་ལོ་གསུམ་འཆར་གཞིའི་(ཁྱོན་གསང་སྤྱོད་ཁྲི་5.7)92.71%ཟིན་ཅིང་། སྔོན་དཔག་ལྟར་2017ལོའི་ལོ་མཇུག་ཏུ་གསང་སྤྱོད་ཁྲི་7.1གྲུབ་ནས་གསང་སྤྱོད་གསར་བརྗེའི་ལོ་གསུམ་འཆར་གཞི་ཚད་ལས་བརྒལ་བར་ལེགས་སྒྲུབ་ཡོང་རྒྱུ་རེད།
           གསང་སྤྱོད་གསར་བརྗེའི་ལས་དོན་སྤེལ་ཚུན་དུ། བྱ་སྤྱོད་འཆར་གཞི་དང་སྔོན་དཔག་དམིགས་ཚད་ལེགས་སྒྲུབ་བྱས་པ་དང་ཆབས་ཅིག ད་དུང་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་གསར་གཏོད་ཚད་བརྒལ་བྱས་པས་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་གྱི་རྣམ་པ་གསར་རྐྱང་ཞིག་བཏོད་པ་སྟེ། ཡུལ་སྐོར་གསང་སྤྱོད་ཀྱི་གྲངས་འབོར་ཐད་ཚད་བརྒལ་བྱུང་བ་མ་ཟད། ད་དུང་སྤུས་ཚད་ཐད་ཀྱང་མཆོང་སྐྱོད་ཐུབ་ནས“མི་གཤིས་ཅན་དང་། སྣོད་བཅུད་ཅན། ཁྱད་ཆོས་ཅན། མཛེས་ལྗོངས་ཅན། རྒྱལ་སྤྱི་ཅན། རིག་ནུས་ཅན”བཅས་ཀྱི་ཁྱད་ཆོས་གསར་པ་མངོན་ཡོད་པ་རེད།
           སྙན་ཞུའི་ནང་མངོན་པར་གཞིགས་ན། མི་དམངས་མང་ཚོགས་གསང་སྤྱོད་ལ་བློ་ཡིད་ཚིམ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད། དྲ་རྒྱའི་གྲངས་གཞི་ཆེ་མོའི་དབྱེ་ཞིབ་སོགས་ཀྱི་བརྟག་ཞིབ་གྲངས་གཞིའི་ཐོག་མངོན་པར་གཞིགས་ན། བློ་ཡིད་ཚིམ་ཚད་དེ་2015ལོའི་70%ནས་མཐོ་རུ་ཕྱིན་ཏེ་80%ལྷག་ཙམ་ཟིན་ཡོད་པ་དང་། བཅར་འདྲི་དང་ལེན་ཞུ་མཁན་མང་ཚོགས་ཀྱིས་གསང་སྤྱོད་གྲངས་འབོར་དེ་བས་འདང་ངེས་ཡོད་པ་དང་། འགྲེམས་ཚུལ་སྔར་བས་ལུགས་མཐུན་ཡོད་པ། གསང་སྤྱོད་ནང་གི་འཕྲོད་བསྟེན་ཆུ་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། གསང་སྤྱོད་ནང་གི་མ་རབས་ཀྱི་སྤྱོད་ཚུལ་མངོན་གསལ་དོད་པོས་ཉུང་དུ་ཕྱིན་པ། གསང་སྤྱོད་ཀྱི་ཕྱི་ངོས་སྔར་བས་མཛེས་ལྗོངས་ཅན་དུ་གྱུར་པ། ཞབས་ཞུ་སྔར་བས་མི་གཤིས་ཅན་དུ་གྱུར་པ་སོགས་གསང་སྤྱོད་གསར་བརྗེ་ལས་བྱུང་བའི་འགྱུར་ལྡོག་མངོན་གསལ་དོད་པོ་མྱོང་ཐུབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།