འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་དུ་མི་ཁྲི་43གྱིས་སྤྱི་གླིང་ནང་ལྔ་པའི་ཚེས་ལྔའི་སྲོལ་རྒྱུན་རིག་གནས་ཉམས་སུ་མྱོང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་31ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་29ཉིན་གྲུ་ཤན་འབྲུག་མགོ་ཅན་གཏོང་བ་དང་ལོ་སྒྲིལ་འབྲས་ཆན་བཟོ་བ། མངོན་མིན་རིག་གནས་ཤུལ་བཞག་མྱོང་བ་བཅས་བྱས་ཏེ་པེ་ཅིང་གི་གྲོང་མི་དང་ཡུལ་སྐོར་བས་གཅིག་རྗེས་གཉིས་མཐུད་ངང་སྤྱི་གླིང་ཆེན་པོ་ཁག་ཏུ་བསྐྱོད་ནས་རྣམ་པ་སྣ་ཚོགས་ཀྱི་བྱེད་སྒོ་སྤེལ་ནས་དམངས་སྲོལ་ཤེས་བྱ་ཤེས་རྟོགས་དང་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་རིག་གནས་ཉམས་སུ་མྱོང་བ་རེད། ཕྱི་དྲོའི་ཆུ་ཚོད་3པ་བར་པེ་ཅིང་གྲོང་ཁྱེར་ཁོངས་གཏོགས་ཀྱི་སྤྱི་གླིང་11དང་དེ་བཞིན་ཀྲུང་གོ་སྐྱེད་ཚལ་རྟེན་རྫས་བཤམས་མཛོད་ཁང་གིས་ཡུལ་སྐོར་བ་དང་གྲོང་མི་ཁྱོན་ཁྲི་43ལ་སྣེ་ལེན་ཞུས་པ་དེ་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ངལ་གསོའི་ཉིན་དང་པོ་དང་བསྡུར་ན་མི་ཁྲི་10ཙམ་མང་དུ་ཕྱིན་ཡོད་པ་རེད། ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་རིང་གླིང་ཁར་སྤྲོ་གསེང་གཏོང་བའི་མཐོ་རླབས་འཕྱུར་བ་དང་སྤྱི་གླིང་ཆེན་པོ་ཁག་གིས་ཕྱོགས་ཡོངས་ནས་ཤོང་རྒྱ་ཆེ་རུ་གཏོང་བའི་བྱ་ཐབས་སྤྱད་དེ་ཡུལ་སྐོར་བར་བློ་བདེ་བག་ཕེབས་དང་སྤྲོ་སྣང་དོད་པའི་ཁོར་ཡུག་ཅིག་བཏོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།