འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ངལ་གསོའི་ཉིན་གཉིས་པར་རྒྱལ་ཡོངས་ཀྱི་ཡུལ་སྐོར་ཡོང་འབབ་
    སྒོར་དུང་ཕྱུར་147ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་31ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་29ཉིན་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་2017ལོའི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ངལ་གསོའི་ཉིན་མོའི་ཡུལ་སྐོར་ཁྲོམ་རའི་ཆ་འཕྲིན་ལས་མངོན་པར། ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ངལ་གསོའི་ཉིན་གཉིས་པར་གནམ་གཤིས་དྲོད་ཚད་ཅུང་དམའ་རུ་ཕྱིན་པ་དང་ས་ཁུལ་མང་ཆེ་བའི་གནམ་གཤིས་དྲོད་ཚད་སྙོམས་ལ་ཕྱིར་སྐྱོད་རྒྱུར་འཚམ་པས་རྒྱལ་ཡོངས་ཀྱི་དུས་ཆེན་ཉིན་མོའི་ཡུལ་སྐོར་ཁྲོམ་ར་རྒྱུན་སྲིང་ངང་དར་ཏེ་ཡུལ་སྐོར་བ་ཕྱིར་སྐྱོད་བྱེད་མཁན་བརྟན་པོའི་ངང་མང་དུ་ཕྱིན་ཡོད་པ་རེད།
           ངལ་གསོའི་ཉིན་མོའི་འགྲུལ་པ་བསུ་ཆེད། ས་གནས་ཁག་གིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འདུ་ཤེས་ལག་བསྟར་ཧུར་ཐག་བྱས་ནས་ཡུལ་སྐོར་ཐོན་རྫས་ཕུན་སུམ་ཚོགས་སུ་གཏོང་བ་དང་། སྤྱི་པའི་ཞབས་ཞུ་ལེགས་སུ་གཏོང་བ། ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། ལུགས་མཐུན་ཕྱིར་སྐྱོད་ལ་ཁྲིད་སྟོན་བྱེད་པ། བདེ་འཇགས་ཡུལ་སྐོར་དང་། ཤེས་དཔལ་ཡུལ་སྐོར། གཉེར་སྐྱོང་དྲང་གཞག་བཅས་དྲིལ་བསྒྲགས་བྱས་པས་མང་ཚོགས་ཡུལ་སྐོར་དུ་སྐྱོད་པའི་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་པ་དང་ཡུལ་སྐོར་ཁྲོམ་རའི་འཁོར་སྐྱོད་སྤྱི་ཡོངས་ནས་བརྟན་དུ་ཕྱིན་ཡོད་པ་རེད།
          རྒྱལ་ཁབ་ཡུལ་སྐོར་ཅུས་གྲངས་གཞི་ལྟེ་གནས་ཀྱིས་ཕྱོགས་བསྡུས་ཚོད་རྩིས་བྱས་པར་གཞིགས་ན། ཟླ་5ཚེས་29ཉིན་རྒྱལ་ཡོངས་ཀྱིས་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་3580ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་147བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།