འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ནན་ཅིང་དུ་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གྲུ་ཤན་འབྲུག་མགོ་ཅན་གྱི་འགྲན་བསྡུར་མང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་31ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ངལ་གསོའི་རིང་ནན་ཅིང་དུ་གྲུ་ཤན་འབྲུག་མགོ་ཅན་གྱི་འགྲན་བསྡུར་གཅིག་མཇུག་གཉིས་མཐུད་ངང་སྤེལ་བ་དང་མོ་ཁྲོའུ་མཚེའུའི་ཐོག་གི་ཁེ་ལས་ཀྱི་གྲུ་ཤན་འབྲུག་མགོ་ཅན་གྱི་འགྲན་བསྡུར་སྐབས་17བསྟུད་མར་སྤེལ་ཡོད། ཤན་ལིང་སློབ་ཆེན་གྲོང་གི་སློབ་ཆེན་སློབ་མའི་གྲུ་ཤན་འབྲུག་མགོ་ཅན་གྱི་འགྲན་བསྡུར་སྤེལ་བ་དང་འབྲི་ཆུའི་ཐོག་གི་སྤར་ཁ་གླིང་ཐོག་ནན་ཅིང་གྲོང་རྡལ་ཅང་དབྱང་ཀྲོའུ་གྲོང་ཁྱེར་གསུམ་གྱི་གྲོང་ཁྱེར་གྱི་གྲུ་ཤན་འབྲུག་མགོ་ཅན་གྱི་འགྲན་བསྡུར་དེ་དག་དམངས་སྲོལ་གྱི་འཁྲབ་སྟོན་ནས་རྩལ་འགྲན་བར་རྒྱ་བསྐྱེད་བྱུང་ནས་ནན་ཅིང་གི་གྲུ་ཤན་འབྲུག་མགོ་ཅན“འགྲན་བསྡུར་བྱེད་ཐེངས་རྒྱལ་ཡོངས་ཀྱི་སྔོན་ལ་སླེབས་པ་དང་བཟོ་ཞིང་ཚོང་བཅས་ཀྱི་སློབ་མ་ཚང་མ་ཞུགས་པའི”དམངས་ཡོངས་ཀྱི་ལུས་སྦྱོང་ལམ་བུ་གསར་པའི་ཐོག་སྐྱོད་ཡོད།
            ནན་ཅིང་གྲོང་ཁྱེར་གྲུ་ཤན་འབྲུག་མགོ་ཅན་ལུས་རྩལ་མཐུན་ཚོགས་ཀྱི་འགན་ཁུར་བས“ལྔ་པའི་ཚེས་ལྔའི་དུས་ཆེན་ཕུད་ནན་ཅིང་གི་དམངས་ཁྲོད་གྲུ་ཤན་འབྲུག་མགོ་ཅན་འགྲན་བསྡུར་དེ་ཟླ་3པ་ནས་འགོ་བཙུགས་ཏེ་ཟླ་11བར་རྒྱུན་མཐུད་ངང་སྤེལ་གྱི་ཡོད་པ་དང་འགྲན་བསྡུར་སྣ་ཚོགས་ཁག་40ལས་བརྒལ་ཡོད་པས་རྒྱལ་ཡོངས་ཀྱི་གྲུ་ཤན་འབྲུག་མགོ་ཅན་འགྲན་བསྡུར་བྱེད་མང་ཤོས་དང་དུས་ཚོད་རིང་ཤོས་ཀྱི་གྲོང་ཁྱེར་ཞིག་ཡིན་པས་ལོ་ལྟར་འགྲན་བསྡུར་དེའི་ནང་ཞུགས་མཁན་དང་འགྲན་བསྡུར་ལྟ་མཁན་མི་ཁྲི་15ཙམ་ཟིན་གྱི་ཡོད”ཅེས་ངོ་སྤྲོད་བྱས། གྲུ་ཤན་འབྲུག་མགོ་ཅན་འགྲན་བསྡུར་གྱི་རྣམ་པའང་འདྲ་མིན་སྣ་ཚོགས་ཡོད་དེ། མི་5ཡི་ཁྱིམ་ཚང་གི་གྲུ་ཤན་འབྲུག་མགོ་ཅན་དང་། མི་12ཀྱི་གྲུ་ཤན་འབྲུག་མགོ་ཅན་ཆུང་གྲས། མི་22ཀྱི་ཚད་ལྡན་གྲུ་ཤན་འབྲུག་མགོ་ཅན་བཅས་ཡོད། འགྲན་བསྡུར་ནང་ཞུགས་མཁན་ཁྲོད་ལོ་ན་ཆུང་ཤོས་ཡིན་པའི་ཅིན་ལིང་སློབ་ཆུང་གི་སློབ་མ་ལོ་8ལས་སླེབས་མེད་པ་དང་ལོ་ན་མཐོ་ཤོས་ལོ་བདུན་ཅུ་ལས་བརྒལ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།