འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།2020ལོར་སླེབས་དུས་བོད་ལྗོངས་ཀྱིས་ལོ་རེའི་ཡུལ་སྐོར་ཡོང་འབབ་ཁྱོན་བསྡོམས་སྒོར་
    དུང་ཕྱུར་550ལས་བརྒལ་བར་འབད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་25ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ཡུལ་སྐོར་སྣེ་ཤན་པས་ཡུལ་སྐོར་བ་རྩེ་པོ་ཏ་ལ་མཇལ་བར་འཁྲིད་པ།
    ཡུལ་སྐོར་སྣེ་ཤན་པས་ཡུལ་སྐོར་བ་རྩེ་པོ་ཏ་ལ་མཇལ་བར་འཁྲིད་པ།
         མི་དམངས་དྲ་བའི་འཕྲིན། ཤེས་རྟོགས་བྱུང་བར་གཞིགས་ན། "ལོ་ལྔ་ཚན་བཅུ་གསུམ་པའི་"རིང་ལ། བོད་ལྗོངས་ཀྱིས་འཛམ་གླིང་ཡུལ་སྐོར་གནང་ཡུལ་འཛུགས་གང་ཐུབ་བྱས་ཏེ། ཡུལ་སྐོར་ཐོན་ལས"ཁྱད་ལྡན་དང་། རྩེར་སོན། སྤུས་ལེགས"བཅས་འཕེལ་ཤུགས་ཆེན་གཏོང་རྒྱུ་དང་། སྒྲིག་བཀོད་ཆ་འགྲིག་སྐྲུན་ཤུགས་ཆེ་རུ་བཏང་ནས། རྩ་བའི་ཆ་ནས་3Aཡན་གྱི་ཡུལ་སྐོར་གནང་ཁུལ་དུ་སྣུམ་ལམ་ཤར་བགྲོད་དང་། ཡུལ་སྐོར་སྤུས་ལེགས་ཀྱི་བགྲོད་ལམ་བསྐྲུན་ནས། 2020ལོར་སླེབས་སྐབས་ཡུལ་སྐོར་བ་ཐེངས་གྲངས་ཁྲི་3000སྣེ་ལེན་ཞུ་ཐུབ་པར་འབད་རྒྱུ་དང་། ལོ་རེའི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་550བརྒལ་བ་བྱ་རྒྱུ་ཡིན་པ་རེད།
    ཡུལ་སྐོར་བས་ཡར་འབྲོག་གཡུ་མཚོར་དྲན་རྟེན་འདྲ་པར་ལེན་བཞིན་པ།
    ཡུལ་སྐོར་བས་ཡར་འབྲོག་གཡུ་མཚོར་དྲན་རྟེན་འདྲ་པར་ལེན་བཞིན་པ། 
      

    ཕྱོགས་བསྡུས་གསར་འགྱུར།