འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་སྐྱེས་པའི་རྒྱང་རྒྱུག་བདམས་ཐོན་པས་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་རྒྱལ་
    ཡོངས་ལུས་རྩལ་འགྲན་ཚོགས་ལ་རྒྱང་ལྟ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་25ཉིན། 14:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཅི་ནན་དུ་མཇུག་འགྲིལ་བའི་2017ལོའི་རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་དང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་འདེམས་བསྐོའི་འགྲན་བསྡུར་ཁྲོད། བོད་ཀྱི་སྐྱེས་པའི་རྒྱང་རྒྱུག་བདམས་ཐོན་པར་གསེར་གྱི་རྟགས་མ་གཅིག་དང་དངུལ་གྱི་རྟགས་མ་གཉིས་ཐོབ་ཅིང་། མི་ཐེངས་ལྔ་སྨི་5000དང་སྨི་10000གི་ཨང་དང་པོ་ནས་བརྒྱད་པ་བར་ཚུད་ཡོད། སྨི་10000ཡི་འགྲན་བསྡུར་ནང་བོད་ཀྱི་བདམས་ཐོན་པར་ཨང་དང་པོ་དང་ཨང་གཉིས་པ་ཐོབ་ནས་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད།
         ཉིན་ཤས་གོང་སྐྱེས་པའི་སྨི་10000གི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ཁྲོད་ལི་གཡོད་ཨོ་རྩལ་འགྲན་ཚོགས་ལ་ཞུགས་མྱོང་བའི་བོད་ཀྱི་བདམས་ཐོན་པ་སྟོབས་རྒྱལ་ལ་སྐར་མ་29དང་སྐར་ཆ་32ཚེག་82ཀྱི་གྲུབ་འབྲས་ཐོག་ནས་ཨང་དང་པོ་ཐོབ་པ་དང་ལོ་21ལ་སླེབས་པའི་ལུས་རྩལ་པ་གཞོན་གྲས་རྟ་མགྲིན་ཚེ་དབང་ལ་ཨང་གཉིས་པ་ཐོབ་ཡོད།
         ཟླ་4ཚེས་29ཉིན་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མར་སུན་འགྲན་རྒྱུག་ཁྲོད་སྟོབས་རྒྱལ་གྱི་རྐང་པར་ཉྭ་འགྱུར་བའི་རྐྱེན་གྱིས་བློ་ཕམ་ཆེན་པོས་འགྲན་བསྡུར་ནས་ཕྱིར་འཐེན་བྱེད་དགོས་བྱུང་མོད། འོན་ཏེ་ཉེ་དུས་ཀྱི་འགྲན་བསྡུར་ཁྲོད་ཁོ་པ་ཕམ་ཁའི་གྲིབ་མ་ནས་གྲོལ་ཞིང་། ད་ཐེངས་ཀྱི་ལེགས་སྐྱེས་འགྲན་བསྡུར་ཁྲོད་ཁོ་པར་སྨི་5000གི་འགྲན་བསྡུར་གྱི་ཨང་གཉིས་པ་ཐོབ་ཡོད། དེ་གོང་ཐའེ་ཡོན་དུ་བྱས་པའི་རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་བསྡུར་ཁྲོད་ཁོ་པར་སྨི་5000དང་སྨི་10000གི“ཨང་དང་པོ་གཉིས་ཀ”ཐོབ་ཡོད།
        རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་སྐར་གསོག་འགྲན་བསྡུར་གྱི་མཐའ་མཇུག་འགྲན་བསྡུར་དེ་ཀུའེ་ཀྲོའུ་ཡི་ཀུའེ་དབྱང་དུ་བྱ་རྒྱུ་རེད། སྐལ་བཟང་ཚེ་རིང་གིས་སྟོབས་རྒྱལ་ཕུད་ཉུང་མཐར་ཡང་བོད་ཀྱི་ལུས་རྩལ་པ་གཉིས་ལ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་ཞུགས་ཐོབ་ཐང་ཐོབ་རྒྱུའི་རེ་བ་ཡོད་ཅེས་སྔོན་དཔག་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།