འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།གཙང་གསུམ་ཆུ་འགོའི་གནས་སྤོས་ཡུལ་མིའི་སྡེ་ཁུལ་གྱི་ཕྱོགས་སྒྱུར་ལམ་བུ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་25ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་ནུབ་གྲོང་ཁྱེར་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་འབྲི་སྟོད་རྫོང་སྒ་སྐྱ་ལོ་སྦྲ་གུར་མཉམ་ལས་ཁང་དུ་སྐྱོད་སྐབས་ལས་སྣོན་འཁོར་ཁང་ནས་གྲགས་པའི་འཕྲུལ་ཆས་ཀྱི་སྐད་སྒྲ་ཐག་རིང་པོ་ནས་ཐོས་བྱུང་། སྒོ་ཡོལ་ཕྱེ་མ་ཐག་རླངས་པ་ཚ་པོ་ཞིག་ངོ་གདོང་ལ་འཕྱུར་འོང་། ལས་སྣོན་འཁོར་ཁང་དུ་འབྲོག་པ་ཁ་ཤས་ལས་བྲེལ་གྱིས་ཁེངས་ནས་བསྡད་འདུག་སྟེ། ལ་ལ་རས་འབྲེག་པ་དང་འགའ་ཤས་བཟོ་རྩལ་ཐོན་རྫས་བཟོ་བཞིན་འདུག ཉེ་འགྲམ་དུ་བཙེམས་ཟིན་པའི་སྦྲ་གུར་མང་པོ་བཞག་འདུག
         སྐལ་བཟང་དང་ཐོག་ཟོ་སྐྱ་ཤང་གི་འབྲོག་པ་ཡིན་པ་དང་འབྲི་སྟོད་རྫོང་གྲོང་དུ་གནས་སྤོ་བྱས་རྗེས། ཁོང་གིས་རང་འགུལ་ངང་སྒ་སྐྱ་ལོ་སྦྲ་གུར་མཉམ་ལས་ཁང་དུ་འཚེམ་བཟོའི་ལག་རྩལ་སྦྱོང་བར་ཡོང་། ལོ་གཉིས་རིང་དཀའ་སྤྱད་ལས་ལ་གཞོལ་བ་བརྒྱུད། སྐལ་བཟང་གིས་འཚེམ་བཟོའི་ལག་རྩལ་ཤེས་ནས་ཁྱིམ་མཚེས་ཚོས་སློབ་སྦྱོང་བྱེད་པའི་མིག་དཔེར་གྱུར་ཡོད། སྐལ་བཟང་གིས་འཚེམ་རྩལ་བྱང་ཆུབ་པ་ཤེས་པའི་སྐུལ་ཁྲིད་འོག་འབྲོག་པ་མང་པོ་ཞིག་གི་བསམ་བློ་གཏོང་སྟངས་ལ་འགྱུར་ལྡོག་ཕྱིན་ནས་རང་འགུལ་ངང་མཉམ་ལས་ཁང་དུ་ཞུགས། ད་ཆ་སྐལ་བཟང་གིས་འབྲི་སྟོད་རྫོང་གྲོང་དུ་འཚེམ་ཁང་ཞིག་གཉེར་བར་ཡོང་འབབ་བརྟན་པོ་ཡོད། སྐལ་བཟང་འདྲ་བའི་ལག་རྩལ་བྱང་ཆུབ་པོ་ཆགས་རྗེས་འཚེམ་ཁང་གཉེར་མཁན་མང་པོ་ཞིག་ཡོད།
         “མཉམ་ལས་ཁང་ནི་2007ལོར་བཙུགས་པ་དང་། སྐབས་དེ་དུས་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་འདུ་འགོད་ལག་ལེན་བསྟར་བས། ཚང་མ་སྣོད་བཅུད་གནས་སྤོས་ཡུལ་མིའི་ཆ་ནས་རྫོང་གྲོང་དུ་གནས་སྤོ་བྱས། དེ་ནས་བཟུང་། འབྲོག་པ་ཚོས་རྩྭ་ཐང་ནས་ཁ་བྲལ་ཏེ་ལས་རིགས་གཞན་བྱེད་འགོ་བརྩམས། མ་གཞི་འབྲོག་པ་ཚོར་རྒྱལ་ཁབ་ཀྱི་འཚོ་བའི་ཁ་གསབ་ཡོད། འོན་ཀྱང་ཚང་མས་ཁྱིམ་དུ་སྐྱིད་པོ་བྱས་ནས་མ་བསྡད་པར་ལས་ཀ་ཞིག་འཚོལ་རྩིས་བྱས། རྟོག་ཞིབ་བྱས་རྗེས་མི་རིགས་ཁྱད་ལྡན་ལག་ཤེས་ཐོན་རྫས་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད་པ་ཤེས་པ་དང་ཚང་མས་དེ་སྔ་སྦྲ་གུར་བཟོ་བ་མ་ཟད། ལག་ཤེས་ཀྱང་མི་དམན་པ་ཡོད་སྟབས་ང་ཚོས་མཉམ་ལས་ཁང་གཉེར་ནས་གཙོ་བོ་བོད་མི་རིགས་ཀྱི་ཁྱད་ལྡན་ལག་ཤེས་ཐོན་རྫས་ཐོན་སྐྱེད་བྱ་རྒྱུའི་ཐག་བཅད”ཅེས་སྒ་སྐྱ་ལོ་སྦྲ་གུར་མཉམ་ལས་ཁང་གི་འགན་འཁུར་བ་ཞིག་གིས་དེ་ལྟར་བཤད་པ་རེད།
         འབྲི་སྟོད་རྫོང་སྒ་སྐྱ་ལོ་སྦྲ་གུར་ཇུས་འགོད་མཉམ་ལས་ཁང་བཙུགས་རྗེས་སྦྲ་གུར་འཚེམ་བཟོའི་ལག་རྩལ་ཤེས་མཁན་འབྲོག་པ་10དེའི་ནང་ཞུགས་ནས་བོད་རིགས་ཀྱི་ལག་ཤེས་ཐོན་རྫས་བཟོ་གི་ཡོད། དེའི་ཁྲོད་བཟོ་མཁས་ཤོས་ནི་སྦྲ་གུར་རེད་འདུག ད་ཆ་མཉམ་ལས་ཁང་དེ་ནི་འབྲི་སྟོད་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱི་རྩལ་ནུས་སྦྱོར་བརྡར་རྟེན་གཞི་ཡང་རེད་འདུག དོན་དམ་དུ་གཙང་གསུམ་ཆུ་འགོར་གཏམ་རྒྱུད་འདི་འདྲ་བ་མང་པོ་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།