འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥི་ལི་ཕིན་སྲིད་གཞུང་གི་ཉེན་རྟོག་དམག་དཔུང་དང་སྲིད་གཞུང་ལ་རྒོལ་བའི་དྲག་ཆས་པ་
    གཉིས་མུ་མཐུད་འཐབ་འཛིང་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་25ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཧྥི་ལི་ཕིན་སྲིད་གཞུང་གི་ཉེན་རྟོག་དམག་དཔུང་དང་སྲིད་གཞུང་ལ་རྒོལ་བའི་དྲག་ཆས་པ་
གཉིས་མུ་མཐུད་འཐབ་འཛིང་བྱེད་པ།
           མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་24ཉིན། ཧྥི་ལི་ཕིན་རྒྱལ་ཁབ་ཀྱི་ཉེན་རྟོག་དམག་དཔུང་གིས"མུའུ་ཐི་རྩ་འཛུགས"སོགས་ཀྱི་སྲིད་གཞུང་ལ་རྒོལ་བའི་དྲག་ཆས་པ་ཚོར་མན་ལན་ལའོ་གླིང་ཕྲན་གྱི་ལ་ཝེ་ཡཱ་གྲོང་ཁྱེར་དུ་དམག་འཐབ་བྱས་པ་དང་བྱེད་བཞིན་ཡོད་ཅིང་། ད་ལྟ"མུའུ་ཐི་རྩ་འཛུགས"ཀྱི་ཁོངས་མི་13བསད་པ་དང་། གཞན་ཉེན་རྟོག་དམག་དཔུང་ཡང་མི་7ཤི་བ་དང་། མི་33ལ་རྨས་ཕོག་པ་རེད། ཧྥི་ལི་ཕིན་གྱི་སྲིད་འཛིན་ཏུའུ་ཐེར་ཐེ་(Rodrigo Duterte)ཡིས་ཉེན་ཟོན་དམ་བསྒྲགས་ཀྱི་ཁྱབ་ཁོངས་ཆེ་རུ་གཏོང་བའི་ངེས་པ་ཡོད་ཚུལ་བསྟན་པ་རེད།
           ཧྥི་ལི་ཕིན་ཉེན་རྟོག་དམག་དཔུང་ཕྱོགས་ཀྱིས་བློ་འགེལ་རུང་བའི་གསང་འཕྲིན་ལ་གཞིགས་ནས། ཚེས་23ཉིན་མ་ཝེ་ཡཱ་གྲོང་ཁྱེར་དུ་སྐོང་སྡོད་བྱས་ཡོད་པའི"མུའུ་ཐི་རྩ་འཛུགས"དང་ཨ་པུ་ཧྲ་ཡེ་ཕུའུ་དྲག་ཆས་མི་སྣ་འཚོལ་བཤེར་བྱས་པས། ཕན་ཚུན་བར་མེ་མདའ་རྒྱག་རེ་ཀྱི་གནས་ཚུལ་བྱུང་བ་རེད།
           ཧྥི་ལི་ཕིན་དམག་དཔུང་ཕྱོགས་ཀྱི་སྤྱི་པའི་འབྲེལ་བ་མ་ལག་པུའུ་ཡི་དཔོན་ཨའེ་ཏེ་ཅ་•ཨ་ལའེ་ཝ་ལུའོ་ཡིས་ད་ལྟ་དམག་དཔུང་ཕྱོགས་ཀྱི་དཀའ་ངལ་གཙོ་བོ་ནི་ཇི་ལྟར"མུའུ་ཐི་རྩ་འཛུགས"སོགས་ཀྱི་སྲིད་གཞུང་ལ་རྒོལ་བའི་དྲག་ཆས་པ་ཚོས་བདག་གིར་བཟུང་བའི་འཛུགས་སྐྲུན་དེ་དག་ཕྱིར་ལེན་བྱེད་རྒྱུ་དེ་ཡིན་ཞིང་། དགྲ་ཕྱོགས་ཀྱིས་འཛུགས་སྐྲུན་གྱི་ཐོག་བརྩེགས་སོགས་སུ་འཇབ་རྒོལ་བྱེད་མཁན་བཀོད་སྒྲིག་བྱས་ཡོད་པས། དམག་དཔུང་ཕྱོགས་ཀྱིས་གདོང་མཆོང་ཐུབ་ཀྱི་མེད་པ་རེད། གཞན་ཡང་དམག་དཔུང་ཕྱོགས་ཀྱིས་རོགས་དམག་བཀོད་སྒྲིག་བྱས་ཡོད་ཅེས་བཤད་པ་རེད།
           ཧྥི་ལི་ཕིན་ས་གནས་སྨྱན་སྦྱོར་གྱིས་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། "མུའུ་ཐི་རྩ་འཛུགས"སོགས་ཀྱི་སྲིད་གཞུང་ལ་ངོ་རྒོལ་གྱི་དྲག་ཆས་པ་ཚོས་གྲོང་མི་5མི་གཏར་བཟུང་ཡོད་པ་རེད། མ་ལ་ཝེ་གྲོང་ཁྱེར་གྱི་དཔོན་པོས་ས་གནས་དེ་གའི་གྲོང་མི་སྟོང་ཕྲག་ལྷག་ཙམ་རང་ཡུལ་ལས་ཁ་བྲལ་ཡོད་པ་དང་། དེའི་ནང་གི་མི་800ལྷག་ཙམ་གྲོང་ཁྱེར་དཀྱིལ་གྱི་ཁ་འགྲེམས་ལྟེ་གནས་སུ་བདེ་འཁོད་བྱས་ཡོད་ལ། གཞན་དག་ནི་ཉེ་འཁོར་གྲོང་རྡལ་དུ་བྲོས་པ་རེད་ཅེས་བཤད། 
           ཧྥི་ལི་ཕིན་གྱི་སྲིད་འཛིན་ཏུའུ་ཐེར་ཐེ་ཡིས་ཨུ་རུ་སུ་རྒྱལ་ཁབ་ཏུ་འཚམས་འདྲི་གནང་བཞིན་པ་མཚམས་བཞག་ཏེ་ཚེས་24ཉིན་གྱི་ཕྱི་དྲོར་ཕྱིར་རྒྱལ་ས་མ་ནི་ལ་གྲོང་ཁྱེར་དུ་འབྱོར་ཞིང་། ཁོང་གིས་གནམ་གྲུ་འབབ་ཐང་དུ། ཚེས་23ཉིན་བསྒྲགས་པའི་མན་ལན་ལུའོ་གླིང་ཕྲན་སོགས་ས་ཁུལ་གྱི་ཉེན་ཟོན་དམ་བསྒྲགས་ད་ལྟ་ཉིད་ནས་ལག་ལེན་བསྟར་བ་ཡིན། འབྱུང་འགྱུར་གྱི་དུས་ཚོད་ནང་ཧྥི་ལི་ཕིན་དབུས་རྒྱུད་ཀྱི་མི་ཧྲ་ཡན་ས་ཁུལ་དུ་ཡང་ཉེན་ཟོན་དམ་བསྒྲགས་བྱེད་པའི་ངེས་པ་ཡོད། གལ་སྲིད་། བྱང་རྒྱུད་ཀྱི་ལུའུ་སུང་གླིང་ཕྲན་དུ་སྲིད་གཞུང་ལ་ངོ་རྒོལ་གྱི་དྲག་ཆས་པ་མཐོང་ན། རྒྱལ་ཡོངས་སུ་ཉེན་ཟོན་དམ་བསྒྲགས་བྱེད་རྒྱུ་ཡིན་ཚུལ་བསྟན་པ་རེད།
          ཚེས་23ཉིན། ཏུའུ་ཐེར་ཐེ་ཡིས་ཧྥི་ལི་ཕིན་ལྷོ་རྒྱུད་ཀྱི་མན་ལན་ལའོ་གླིང་ཕྲན་སོགས་ཀྱི་ས་ཁུལ་དུ་ཉིན་60ཡི་རིང་ལ་ཉེན་ཟོན་དམ་བསྒྲགས་བྱེད་རྒྱུ་ཡིན་ཞེས་བསྒྲགས་པ་རེད།
          ཨ་པུ་ཧྲ་ཡེ་ཕུའུ་དྲག་ཆས་ནི་དུས་རབས་གོང་མའི་ལོ་རབས་90པའི་སྔ་རོལ་དུ་བཙུགས་པ་ཞིག་ཡིན་ལ། ད་ལྟ་ཧྥི་ལི་ཕིན་རྒྱལ་ཁབ་ཀྱི་ལྷོ་རྒྱུད་དུ་བྱ་སྤྱོད་སྤེལ་བཞིན་ཡོད་ལ། འཇབ་རྒོལ་རབ་དང་རིམ་པ་དང་བཙན་ཁྲིད་ཀྱི་བྱ་བ་བྱེད་བཞིན་ཡོད་པ་རེད། "མུའུ་ཐི་རྩ་འཛུགས"ནི་མན་ལན་ལའོ་གླིང་ཕྲན་དུ་ཡོད་པའི་སྲིད་གཞུང་ལ་རྒོལ་བའི་དྲག་ཆས་ཤིག་ཡིན་ལ། སྔོན་ཆད་འབར་གས་འཇབ་རྒོལ་དང་བཙན་ཁྲིད་ཀྱི་གྱོད་གཞི་བསྒྲུབ་མྱོང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།