འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་སྤྱི་དམངས་གཉིས་ཕ་ཁི་སི་ཐན་རྒྱལ་ཁབ་ཀྱི་ལྷོ་ནུབ་ཏུ་བཙན་ཁྲིད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་25ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ཁྲོམ་དུ་དམག་མིས་བདེ་སྲུང་བྱེད་པ།
    ཁྲོམ་དུ་དམག་མིས་བདེ་སྲུང་བྱེད་པ།
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་24ཉིན། ཕ་ཁི་སི་ཐན་དུ་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཁང་ཆེ་མོས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བདེན་དཔང་བྱས་པ་ལྟར་ན། ཚེས་24ཉིན། ཀྲུང་གོའི་སྤྱི་དམངས་གཉིས་ཕ་ཁི་སི་ཐན་རྒྱལ་ཁབ་ལྷོ་ནུབ་རྒྱུད་ཀྱི་པའེ་ལུའུ་ཀྲི་ཞིང་ཆེན་ཁུའེ་ཏཱ་ས་ཁུལ་དུ་བཙན་ཁྲིད་བྱས་པ་དང་། བཙན་ཁྲིད་བྱས་པ་གཉིས་ཀྱི་ཐོབ་ཐང་དང་གནས་ཚུལ་ཞིབ་ཕྲ་སྔར་བཞིན་ཞིབ་དཔྱད་བྱེད་བཞིན་ཡོད་པ་རེད། ཕ་ཁི་སི་ཐན་དུ་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཁང་ཆེ་མོས་འཕྲལ་བསྟུན་ལམ་སྲོལ་ལག་ལེན་བསྟར་བ་མ་ཟད། ཕ་ཁི་སི་ཐན་ཕྱོགས་ལ་འཕྲལ་མར་དོན་དག་ངོ་མ་རྩད་གཅོད་མཐའ་གསལ་དགོས་རེ་དང་། ནུས་ཤུགས་ཡོད་རྒུ་བཏོན་ནས་མི་གཏའ་མྱུར་སྐྱོབ་དགོས་པའི་རེ་བ་བཏོན་པ་རེད།
           ཕ་ཁི་སི་ཐན་སྨྱན་སྦྱོར་གྱིས་སྤེལ་བའི་གནས་འཕྲིན་དུ། ཉིན་དེའི་ཉིན་གུང་དུས་ལ། ཀྲུང་གོ་བ་གསུམ་ཁུའེ་ཏཱ་ས་ཁུལ་ཀྲེན་ནཱ་གྲོང་རྡལ་གྱི་ཟ་ཁང་ཞིག་ཏུ་ཟ་མ་བཟའ་དུས། དྲག་ཆས་པས་མེ་མདའ་བཟུང་ནས་བཙན་ཁྲིད་བྱས་པ་རེད། མི་གསུམ་གྱི་ཁྲོད་དུ་སྐྱེས་པ་གཅིག་དང་བུད་མེད་གཉིས་ཡོད་པ་རེད། ཟ་ཁང་དེའི་བདེ་སྲུང་མི་སྣས་ངོ་རྒོལ་བྱས་ཀྱང་། དྲག་ཆས་པས་མེ་མདའ་བརྒྱབ་སྟེ་རྨས་པ་རེད། ཟང་ཟིང་ཁྲོད། དྲག་ཆས་པས་ཀྲུང་གོ་བ་གཉིས་ཁྲིད་སོང་བ་རེད་ཅེས་བརྗོད་འདུག
          ད་ལྟ། བཙན་ཁྲིད་ཀྱི་དོན་རྐྱེན་འདི་ཉིད་བཟོ་མཁན་རྩ་འཛུགས་གང་དང་སུ་ཞིག་ཡིན་མིན་ཁས་ལེན་མཁན་མེད་པ་རེད།
    དོན་རྐྱེན་བྱུང་དུས་ཀྱི་རྨས་མ་སྨན་ཁང་དུ་ཡོད་པ།
    དོན་རྐྱེན་བྱུང་དུས་ཀྱི་རྨས་མ་སྨན་ཁང་དུ་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།