འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ས་དབུས་རྒྱ་མཚོའི་སྐྱབས་བཅོལ་བའི་གྲུ་གཟིངས་ལ་དོན་རྐྱེན་བྱུང་སྟེ་མི་31རྐྱེན་ལམ་དུ་ཤོར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་25ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་24ཉིན། དབྱི་ཐ་ལི་རྒྱལ་ཁབ་ཀྱི་མཚོ་ངོགས་ཉེན་སྲུང་རུ་དཔུང་གིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ལི་པེ་ཡཱ་ནས་དབྱི་ཐ་ལི་རྒྱལ་ཁབ་ཏུ་བསྐྱོད་པའི་སྐྱབས་བཅོལ་བའི་གྲུ་གཟིགས་ཤིག་ཉིན་དེར་མགོ་རྟིང་ལོག་པའི་དོན་རྐྱེན་བྱུང་ནས། མི་200ལྷག་ཙམ་ས་དབུས་རྒྱ་མཚོར་ལྷུང་བ་རེད། མཚོ་ངོགས་ཉེན་སྲུང་རུ་དཔུང་གིས་ཉིན་དེའི་ཕྱི་དྲོར་བེམ་རོ་31རྙེད་པ་དང་། ཚོད་དཔག་བྱས་ན། རྐྱེན་ལམ་དུ་ཤོར་བའི་མི་གྲངས་ད་དུང་འཕར་རྒྱུ་རེད་ཅེས་བརྗོད་པ་རེད།
          མཚོ་ངོགས་ཉེན་སྲུང་རུ་དཔུང་གིས་བེམ་རོ་ཚང་མ་མྱུར་སྐྱོབ་གྲུ་གཟིངས་ཆེ་གྲས་གཉིས་སུ་བཞག་ཡོད་པ་དང་། ཉེན་སྲུང་རུ་དཔུང་གིས་མྱུར་སྐྱོབ་གྲུ་གཟིངས་14མཐུན་སྦྱོར་བྱས་ཏེ་མཚོ་ནང་ལྷུང་བའི་མི་སྣ་འཚོལ་སྐྱོབ་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད། 
           དབྱི་ཐ་ལི་སྨྱན་སྦྱོར་གྱིས་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། དོན་རྐྱེན་བྱུང་སྐབས། མི་700ལྷག་ཙམ་ཤིང་གྲུ་ཆེན་པོ་ཞིག་ཏུ་འཚང་ཁ་བརྒྱབ་ནས་ཡོད་པས། ལྗིད་ཚད་ལས་ཚབས་ཆེན་བརྒལ་སྟབས། གྲུ་གཟིངས་མགོ་རྟིང་ལོག་པ་རེད།
           དབྱི་ཐ་ལི་གཞུང་ཕྱོགས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ལོའི་ཟླ་བ་སྔ་མ་བཞིའི་རིང་ལ། ཕལ་ཆེར་མི་ཁྲི་5ལྷག་ཙམ་ས་དབུས་རྒྱ་མཚོ་བརྒྱུད་ནས་དབྱི་ཐ་ལིར་ལྐོག་བྲོས་སུ་ཡོང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།