འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ལས་གཏོད་ཞབས་ཞུའི་མཛུབ་ཁྲིད་རིགས་གཅིག་མཁས་ཅན་ཚོགས་པ་དངོས་
    སུ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་25ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་བོད་རང་སྐྱོང་ལྗོངས་ཀྱི་ལས་གཏོད་ཞབས་ཞུའི་མཛུབ་ཁྲིད་རིགས་གཅིག་མཁས་ཅན་ཚོགས་པ་དངོས་སུ་བཙུགས་པ་དེ་ཐོག་ནས་བོད་རང་སྐྱོང་ལྗོངས་ཀྱི་ལས་གཏོད་ཞབས་ཞུའི་ལས་སྟེགས་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་མཚོན་ཡོད། རིགས་གཅིག་མཁས་ཅན་ཚོགས་པས་སླད་ཕྱིན་བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་སྒྲིག་འཛུགས་བྱས་པའི་རིགས་ཁག་གི་ལས་གཏོད་བྱེད་སྒོ་དང་ལས་གཏོད་ལས་དོན་བགྲོ་གླེང་ནས་ཞུགས་ཏེ་བོད་ཀྱི་ལས་གཏོད་པར་སྲིད་ཇུས་ཁྲིམས་སྲོལ་དང་། ལས་གཏོད་ཇུས་འགོད། གཉེར་སྐྱོང་འདུ་ཤེས། རྣམ་གྲངས་ལ་རིགས་པས་ཁུངས་སྐྱེལ་སོགས་ཀྱི་རིགས་ཆེ་གྲས་བཅུ་གྲངས་ལ་ལས་གཏོད་ཀྱི་མཛུབ་ཁྲིད་བྱ་རྒྱུ་དང་འབྲེལ་བོད་དུ་ལས་གཏོད་དང་འབྲེལ་བའི་སྲིད་ཇུས་དང་ལས་གཏོད་ལས་དོན་སྤེལ་རྒྱུར་ཐབས་དང་ཇུས་འདོན་རྒྱུ་རེད།
         ཕྱོགས་ཡོངས་ནས་བོད་ལྗོངས་ཀྱི་ལས་གཏོད་ཀྱིས་ལས་ཞུགས་ལ་སྣེ་ཁྲིད་བྱེད་པའི་ལས་དོན་ཡག་པོ་སྒྲུབ་རྒྱུ་དང་རིགས་ཁག་གི་ལས་གཏོད་མི་སྣར་ཞབས་ཞུ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་ཆེད་དང་། ལས་གཏོད་ནང་ཐོག་མར་ཞུགས་མཁན་ཚོས་སྲིད་ཇུས་ཁྲིམས་སྲོལ་ལ་རྒྱུས་མངའ་མེད་པ་དང་། ཁྲོམ་རར་ཚོད་དཔག་མི་ཐུབ་པ། ཆེད་ལས་མི་སྣ་དཀོན་པ་སོགས་ཁྱོན་ཡོངས་ཀྱི་གནད་དོན་ལ་དམིགས་ནས་འདི་ལོའི་ལོ་འགོར་བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་བོད་རང་སྐྱོང་ལྗོངས་ཀྱི་ལས་གཏོད་ཞབས་ཞུ་མཛུབ་ཁྲིད་རིགས་གཅིག་མཁས་ཅན་ཚོགས་པ་འཛུགས་རྒྱུའི་འཆར་གཞི་བཀོད་ཡོད། 《སྤྱི་ཚོགས་ལ་ཕྱོགས་ནས་ལས་གཏོད་ཞབས་ཞུ་མཛུབ་ཁྲིད་ཀྱི་རིགས་གཅིག་མཁས་ཅན་བསྡུ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གི་སྤྱི་བསྒྲགས་》ཁྱབ་བསྒྲགས་བྱས་རྗེས་སྤྱི་ཚོགས་ལས་རིགས་ཁག་གི་མཁྱེན་རྒྱ་ཡངས་པའི་མི་སྣས་འཚང་ཁ་ཤིག་ཤིག་ངང་ལས་གཏོད་ཞབས་ཞུ་མཛུབ་ཁྲིད་རིགས་གཅིག་མཁས་ཅན་ཚོགས་པའི་ནང་ཞུགས་རྒྱུར་མིང་ཐོ་བཀོད་ཡོད། མཐར་ཁྲེང་ཤན་ཝུན་སོགས་བློ་མཐུན་42རང་ལྗོངས་ཀྱི་ལས་གཏོད་ཞབས་ཞུའི་མཛུབ་ཁྲིད་རིགས་གཅིག་མཁས་ཅན་ལ་གཏན་འཁེལ་བྱས་པ་དང་རིགས་གཅིག་མཁས་ཅན་དེ་དག་ནི་ལྗོངས་ཕྱི་ནང་གི་སྲིད་གཞུང་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ། ལས་གཏོད་ཐད་གྲུབ་འབྲས་ཐོབ་པའི་མི་སྣ་བཅས་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།