འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།"གནད་སྨིན་གསོ་སྦྱོང"ལ་དམ་འཛིན་ཡག་པོ་བྱས་ནས"གནད་སྨིན་དབུལ་སྐྱོར"ལ་
    སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་25ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་་པད་མ་རྫོང་སྨར་ཁོག་ཡུལ་ཚོ་ཤང་གི་དམངས་ཁྲོད་རིག་རྩལ་རུ་ཁག(པང་དབྱི་སྐོར་བྲོ་རུ་ཁག་)གིས་རང་རྩོམ་རང་འཁྲབ་བྱས་པའི་རིག་རྩལ་འཁྲབ་ཚན་ལ་སླར་ཡང་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་ཐོབ་པ་རེད། རིག་རྩལ་རུ་ཁག་དེ་ནི་སྨར་ཁོག་ཡུལ་ཚོ་ཤང་གི་ཡིག་ཚགས་དང་གྭ་བཟོས་པའི་དུད་ཚང་དབུལ་པོའི་ཁྲོད་ནས་བདམས་པའི་རིག་གནས་ངེས་ཅན་ལྡན་པ་དང་རིག་རྩལ་ལ་དགའ་ཞེན་ཆེ་བའི་གཞོན་ནུ་20ལས་གྲུབ་པའི་རིག་རྩལ་རུ་ཁག་ཅིག་ཡིན་པ་དང་། མིག་སྔར་རིམ་རྩིས་ལྟར་ན་འཁྲབ་སྟོན་གྱི་ཁ་གསབ་རོགས་དངུལ་སྒོར་ཁྲི་7ལྷག་ཙམ་རག་ཡོད་པ་རེད།
         དེ་ནི་པད་མ་རྫོང་གིས“གནད་སྨིན་གསོ་སྦྱོང”ལ་དམ་འཛིན་ཡག་པོ་བྱས་ནས“གནད་སྨིན་དབུལ་སྐྱོར”ལ་སྐུལ་འདེད་བཏང་བའི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་རེད། “ད་ཐེངས་གསོ་སྦྱོང་ནང་ཁྲོམ་རའི་དགོས་མཁོ་སྟོན་ཕྱོགས་སུ་འཛིན་པ་དང་ལས་ཞུགས་དབུལ་སྐྱོར་དམ་འཛིན་བྱེད་གཞིར་བྱས་ཏེ་ངལ་རྩོལ་པའི་ལོ་ཚད་དང་། སློབ་རྒྱུས། ཁྱད་ཆོས་དང་དེ་བཞིན་མི་སྒེར་གྱི་དགའ་ཕྱོགས་སོགས་ཀྱི་གནས་ཚུལ་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ནས་གནད་སྨིན་གྱིས་འཛིན་གྲྭ་འཛུགས་པ་དང་རིགས་དབྱེའི་སློབ་གསོ་བཏང་ནས་ངལ་རྩོལ་པས་གསོ་སྦྱོང་བརྒྱུད་ལག་རྩལ་སྣ་གཅིག་ཤེས་པ་དང་། ཐབས་ལམ་མང་པོའི་ཐོག་ནས་ལས་ཞུགས་ལས་གཏོད་ཐུབ་པ་བྱས་ཏེ་ཁྱིམ་ཚང་གཅིག་དབུལ་སྐྱོར་ཕྱུག་འགྱུར་ཡོང་བ་དང་ཡུག་གཅིག་ལ་སྣེ་ཁྲིད་ཐུབ་པའི་ཕན་འབྲས་ཐོན་པ་བྱེད་རྒྱུ་ཡིན”ཞེས་པད་མ་རྫོང་དབུལ་སྐྱོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་ལ། འདི་ལོ་ཚུན་དུ་པད་མ་རྫོང་གིས་ཞིང་འབྲོག་མང་ཚོགས་ཀྱི་ངལ་རྩོལ་རྩལ་ནུས་སྣ་གཅིག་རང་ལས་མི་ཤེས་པ་དང་། ལས་ཞུགས་ཐབས་ལམ་རྒྱ་ཆུང་བ། འབབ་འཕར་ཕྱུག་འགྱུར་དཀའ་བ་བཅས་ཀྱི་དོན་དངོས་ལ་གཞིགས་ནས་རྒྱལ་ཁབ་དང་། ཞིང་ཆེན། ཀྲོའུ་བཅས་ཀྱི་ལས་ཞུགས་རོགས་སྐྱོར་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན་བྱས་ཏེ་རྣམ་གྲངས་དང་། མ་དངུལ། ལག་རྩལ་བཅས་ཀྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་གིས་ངལ་རྩོལ་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ་རེད།
         ཡུལ་སྐོར་ཞབས་ཞུའི་ནང་ཞུགས་མཁན་གྱི་སྣེ་ལེན་ཞུ་བའི་འཇོན་ཐང་གསོ་སྦྱོང་ཧུར་ཐག་བྱས་ནས་དམིགས་སའི་རང་བཞིན་དང་ཉེར་སྤྱོད་ཐུབ་པའི་རང་བཞིན་མངོན་གསལ་འདོད་པོ་ཡོང་བ་བྱས་ཏེ་ཡུལ་སྐོར་གུས་སྲོལ་སྣེ་ལེན་དང་ཡ་རབས་ཚུལ་ལྡན་གྱི་སྒོ་ནས་སྐད་ཆ་ཤོད་པ་སོགས་ཀྱི་ཐད་རིགས་པའི་གཞུང་ལུགས་ཀྱི་འཆད་འགྲེལ་དང་ལག་ལེན་དངོས་ནང་སྦྱོང་བརྡར་བྱེད་པར་བརྟེན་ནས་རྫོང་དེ་ཡོངས་ཀྱི་སྒེར་གཉེར་ཁེ་ལས་མགྲོན་ཁང་སྣ་ཚོགས་ཀྱི་མགྲོན་ཁང་ཞབས་ཞུ་བ་28ལ་དུས་ཡུན་ཉིན་10ཡི་གཅིག་སྡུད་གསོ་སྦྱོང་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།