འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་གཅིག་གི་རྩ་དོན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མི་སེམས་ཕྱོགས་ས་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་25ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་23ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་སྐབས་70པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐོག་ཐའེ་དབན་དང་འབྲེལ་བའི་འབྲེལ་ཡོད་གྲོས་གཞིའི་ཚོགས་ཆེན་གྱི་ཁ་གསབ་གྲོས་རིམ་ནང་འཇུག་རྒྱུ་ཁས་མི་བླངས་པ་དེ་ཐོག་ནས་ཀྲུང་གོ་གཅིག་གི་རྩ་དོན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མི་སེམས་ཕྱོགས་ས་དང་དུས་ཀྱི་འཁོར་ཕྱོགས་ཡིན་པ་མཚོན་ཡོད་ཅེས་བཤད། གོང་ཚེས་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པས་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐོག་ཐའེ་དབན་དང་འབྲེལ་བའི་གྲོས་གཞི་ཚོགས་ཆེན་གྱི་ཁ་གསབ་གྲོས་རིམ་ནང་མི་འཇུག་རྒྱུའི་ཐག་བཅད་ཡོད་པས་ཁྱེད་ཀྱིས་དེར་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཅེས་དྲིས།
         ཧྭ་ཁྲུན་ཡིང་གིས་སྐབས་70པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐོག་གྲོས་བསྡུར་བྱས་ནས“ཐའེ་དབན་ལྟ་ཞིབ་པའི་མིང་ཐོག་ནས་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ནང་ཞུགས་རྒྱུར་གདན་ཞུ་བྱ་རྒྱུ”ཟེར་བའི་གྲོས་གཞི་དེ་ཚོགས་ཆེན་གྱི་ཁ་གསབ་གྲོས་རིམ་ནང་འཇུག་རྒྱུ་ཁས་མི་བླངས་རྒྱུའི་ཐག་བཅད་ཡོད། གཏན་འབེབས་དེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་དེ་བཞིན་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱི་འབྲེལ་ཡོད་གྲོས་ཆོད་ཀྱི་ལ་རྒྱ་བསྲུངས་བ་དེ་ཐོག་ནས་ཀྲུང་གོ་གཅིག་གི་རྩ་དོན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མི་སེམས་ཕྱོགས་ས་དང་དུས་ཀྱི་འཁོར་ཕྱོགས་ཡིན་པ་གསལ་པོར་མཚོན་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད།
         ཁོང་གིས“ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་རྩ་དོན་གཞིར་བཟུང་ངོགས་གཉིས་ཀྱིས་གྲོས་མོལ་ཐོག་ནས་ཐའེ་དབན་ས་ཁུལ་རྒྱལ་སྤྱིའི་རྩ་འཛུགས་ཀྱི་བྱེད་སྒོའི་ནང་ཞུགས་རྒྱུའི་གནད་དོན་ཐག་གཅོད་འོས་འཚམ་བྱེད་འདོད་ཡོད་པ་ངས་སླར་ཡང་བསྐྱར་བསྒྲགས་བྱ་རྒྱུ་ཡིན”ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།