འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཕྱོགས་ཀྱིས་ནེ་པ་ལར་རོགས་སྐྲུན་བྱས་པའི་སློབ་འབྲིང་གཉིས་ཀྱི་རྣམ་གྲངས་ལས་
    འགོ་ཚུགས་པའི་མཛད་སྒོ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་25ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་23ཉིན་ཀྲུང་གོ་སྲིད་གཞུང་གིས་ནེ་པ་ལར་རོགས་སྐྲུན་བྱས་པའི་སློབ་འབྲིང་གཉིས་ཀྱི་རྣམ་གྲངས་ཀྱི་ལས་འགོ་ཚུགས་པའི་མཛད་སྒོ་ནེ་པ་ལའི་སློབ་གསོ་པུའི་གཤམ་འོག་གི་སློབ་གསོ་ཅུས་སུ་འཚོགས་པ་རེད།
         སློབ་འབྲིང་གཉིས་པོ་དེ་ནེ་པ་ལའི་བྱང་རྒྱུད་རི་ཁུལ་དུ་གནས་པ་དང་། 2015ལོའི“4·25”ཡི་ས་ཡོམ་དྲག་པོའི་ཁྲོད་གཏོར་སྐྱོན་ཚབས་ཆེན་བྱུང་ཡོད། ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་བ་ཡུས་ཧུང་གིས་ལས་གྲྭ་འགོ་འཛུགས་མཛད་སྒོའི་ཐོག་སློབ་འབྲིང་དེ་གཉིས་ནི་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱིས་གྲོས་ཐག་བཅད་པའི་ཀྲུང་གོ་ཕྱོགས་ཀྱིས་ནེ་པ་ལའི་བྱང་རྒྱུད་རི་ཁུལ་ལ་སྐྲུན་རོགས་བྱ་རྒྱུའི་སློབ་གྲྭ་བཅུའི་ཁྲོད་ཀྱི་གཉིས་རེད་ཅེས་བརྗོད།
         བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་སློབ་གྲྭ་གཉིས་པོ་སྐྲུན་རོགས་བྱ་རྒྱུའི་རྣམ་གྲངས་ཀྱི་དོ་དམ་གྱི་འགན་འཁུར་རྒྱུ་རེད། ཐིང་ཀྲང་གཞོན་པ་ཝང་ཕིང་གིས་སློབ་གྲྭ་གཉིས་པོའི་ཨར་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་9000ལྷག་ཟིན་པ་དང་རི་ཁུལ་གྱི་ཕྲུ་གུ་ཚོར་སློབ་ཁྲིད་ཀྱི་སྒྲིག་ཆས་སྤུས་ལེགས་མཁོ་འདོན་ཐུབ་རྒྱུ་རེད་ཅེས་བཤད།
         ནེ་པ་ལའི་སློབ་གསོ་པུའི་དྲུང་ཡིག་ཧྲི་ལེ་སི་ཐས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་སྒེར་སེམས་མེད་པར་རོགས་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།