འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ཨུ་རྒྱལ་སྤྱིའི་ཚོང་སྤྱོད་གནམ་གྲུ་ཀུང་སི་ཧྲང་ཧའེ་རུ་བཙུགས་པ།

    རྒྱལ་ཁབ་གཉིས་པོས་མཉམ་དུ་གནམ་གྲུ་ཆེ་མོ་280ཞིབ་བཟོ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་25ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་22ཉིན། ཀྲུང་གོའི་ཚོང་སྤྱོད་གནམ་གྲུ(COMAC)དང་ཨུ་རུ་སུའི་མཉམ་འབྲེལ་མཁའ་འགྲུལ་བཟོ་སྐྲུན་ཚོགས་པ(UAC)ཡི་མ་དངུལ་མཉམ་འཇོག་ཁེ་ལས་ཏེ། ཀྲུང་ཨུ་རྒྱལ་སྤྱིའི་ཚོང་སྤྱོད་གནམ་གྲུ་ཚད་ཡོད་འགན་འཁྲི་ཀུང་སི(CRAIC)ཧྲང་ཧའེ་རུ་བཙུགས་ཤིང་། མ་རྩ་མཉམ་འཇོག་ཀུང་སིས་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱིས་དུས་རབས་གསར་པའི་རྒྱང་འཕུར་ཁོག་ཆེན་གནམ་གྲུའི་རྣམ་གྲངས་མཉམ་དུ་ཞིབ་བཟོ་བྱེད་པའི་འཁོར་སྐྱོད་ལས་དོན་གྱི་འགན་གཙོ་བོ་འཁུར་རྒྱུ་རེད།
        ཀྲུང་ཨུ་རྒྱང་འཕུར་ཁོག་ཆེན་འགྲུལ་སྐྱེལ་གནམ་གྲུ་ནི་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་ནས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བའི་རྒྱབ་ལྗོངས་འོག་རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱིས་ཚན་རྩལ་མཐོ་བའི་ཁྱབ་ཁོངས་སུ་དངོས་སྒྲུབ་མཉམ་ལས་བྱེད་པའི་འཐབ་ཇུས་རང་བཞིན་གྱི་མཉམ་ལས་རྣམ་གྲངས་གལ་ཆེན་ཞིག་རེད།
         རྒྱང་འཕུར་ཁོག་ཆེན་འགྲུལ་སྐྱེལ་གནམ་གྲུའི་རྣམ་གྲངས་བཟོ་མཁན་གྱི་ཚོང་པ་གཙོ་བོ་ཡིན་པའི་ཀྲུང་ཨུ་རྒྱལ་སྤྱིའི་ཚོང་སྤྱོད་གནམ་གྲུ་ཚད་ཡོད་འགན་འཁྲི་ཀུང་སིའི་གཉེར་སྐྱོང་གི་ཁྱབ་ཁོངས་གཙོ་བོ་ནི་ཁོག་ཆེན་གནམ་གྲུའི་ཐོན་རྫས་ཞིབ་བཟོ་དང་ལག་རྩལ་གསར་སྤེལ་དང་། བཟོ་སྐྲུན། ཁྲོམ་རའི་གཉེར་སྐྱོང་། བྲིན་ཚོང་། བཙོངས་རྗེས་རྒྱབ་སྐྱོར། བློ་འདྲི། རྣམ་གྲངས་དོ་དམ་སོགས་འབྲེལ་ཡོད་ལས་སྒོ་གཞན་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།