འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅༎ཧྲན་ཞི་ཆིང་ཞུའེ་ཏུང་ཡུའེ་རྡོ་སོལ་གཏེར་ཁུང་དུ་ཆུ་ཐིམས་ཀྱི་དོན་རྐྱེན་བྱུང་ནས་མི་4གཏེར་ཁུང་ནས་
    འདོན་ཐུབ་པ་དང་། མི་7སྔར་བཞིན་གཏེར་ཁུང་དུ་ལུས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་24ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅༎ཧྲན་ཞི་ཆིང་ཞུའེ་ཏུང་ཡུའེ་རྡོ་སོལ་གཏེར་ཁུང་དུ་ཆུ་ཐིམས་ཀྱི་དོན་རྐྱེན་བྱུང་ནས་མི་4གཏེར་ཁུང་ནས་
འདོན་ཐུབ་པ་དང་། མི་7སྔར་བཞིན་གཏེར་ཁུང་དུ་ལུས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་23ཉིན། གསར་འགོད་པས་ཧྲན་ཞི་ཆིང་ཞུའེ་ཏུང་ཡུའེ་རྡོ་སོལ་གཏེར་ཁུང་དུ་ཆུ་ཐིམས་ཀྱི་དོན་རྐྱེན་བྱུང་བའི་ཡུལ་དངོས་སུ་མཐོང་བ་ལྟར་ན། ཚེས་23ཉིན་གྱི་ཆུ་ཚོད་22པའི་སྐར་མ་20ཡི་ཐོག  གཏེར་ཁུང་ནང་ལུས་པའི་ལས་མི་4འདོན་ཐུབ་སྟེ་མགྱོགས་མྱུར་ངང་སྨན་ཁང་ལ་བསྐྱལ་ནས་སྨན་བཅོས་བྱས་པ་དང་། ད་ལྟ་སྔར་བཞིན་མི་7གཏེར་ཁུང་དུ་ལུས་ཡོད་པ་དང་རོགས་སྐྱོབ་ཀྱི་ལས་ཀའང་བྱེད་མུས་རེད་འདུག 
         ཟླ་5ཚེས་22ཉིན་གྱི་ཆུ་ཚོད་23པའི་སྐར་མ་40ཡི་ཐོག  ཐའེ་ཡོན་གྲོང་ཁྱེར་གྱི་ཞིང་ཞུའེ་རྫོང་དུ་ཡོད་པའི་ཧྲན་ཞི་མེ་ཅིན་མཉམ་ཚོགས་ཀྱི་ཏུང་ཡུའེ་རྡོ་སོལ་གཏེར་ཁུང་དུ་ཆུ་ཐིམས་ཀྱི་དོན་རྐྱེན་བྱུང་ནས་མི་11སྔར་བཞིན་གཏེར་ཁུང་དུ་ལུས་ཡོད་པ་རེད། གོང་གི་པར་རིས་ནི་ལས་བྱེད་མི་སྣས་ཐའེ་ཡོན་གྲོང་ཁྱེར་གྱི་ཆིང་ཞུའེ་རྫོང་དུ་ཡོད་པའི་ཧྲན་ཞི་མེ་ཅིན་མཉམ་ཚོགས་ཀྱི་ཏུང་ཡུའེ་རྡོ་སོལ་གཏེར་ཁར་རོགས་སྐྱོབ་ལས་ཀ་བྱེད་བཞིན་ཡོད་པ་རེད།
    【1】  【2】  【3】  【4】  【5】  
    ༄༅༎ཧྲན་ཞི་ཆིང་ཞུའེ་ཏུང་ཡུའེ་རྡོ་སོལ་གཏེར་ཁུང་དུ་ཆུ་ཐིམས་ཀྱི་དོན་རྐྱེན་བྱུང་ནས་མི་4གཏེར་ཁུང་ནས་
འདོན་ཐུབ་པ་དང་། མི་7སྔར་བཞིན་གཏེར་ཁུང་དུ་ལུས་པ།
      

    ཕྱོགས་བསྡུས་གསར་འགྱུར།