འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅༎ཤིན་ཅང་དང་ཀན་སུའུ། ཟི་ཁྲོན་བཅས་སུ་དྲག་ཆར་དང་རླུང་ཆེན། ཡང་ན་སེར་བ་སོགས་འབྱུང་
    རྒྱུ་ཡིན་པ་དང་། ཡུན་ནན་དང་ཧའེ་ནན་ལ་ཆར་པ་འབབ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་18ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅༎ཤིན་ཅང་དང་ཀན་སུའུ། ཟི་ཁྲོན་བཅས་སུ་དྲག་ཆར་དང་རླུང་ཆེན། ཡང་ན་སེར་བ་སོགས་འབྱུང་
རྒྱུ་ཡིན་པ་དང་། ཡུན་ནན་དང་ཧའེ་ནན་ལ་ཆར་པ་འབབ་རྒྱུ་ཡིན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་16ཉིན་གྱི་ཆུ་ཚོད་08དང་ཚེས་17ཉིན་གྱི་ཆུ་ཚོད་05པར། ཧའེ་ནན་ལྷོ་ཕྱོགས་ཀྱི་ས་ཁུལ་འགར་དུས་ཡུན་ཐུང་ངུའི་ནང་ཆར་ཆེན་བབ་པ་དང་། ཆུ་ཚོད་གཅིག་ནང་ཆར་པ་འབབ་ཚད་ཧའོ་སྨི་20ནས་40ཟིན་པ་དང་། ས་ཆ་ལ་ལར་ཧའོ་སྨི་50ལས་བརྒལ་ཡོད། སྔོན་དཔག་བྱས་པ་ལྟར་ན། ཟླ་5ཚེས་17ཉིན་གྱི་ཆུ་ཚོད་08ནས་ཚེས་18ཉིན་གྱི་ཆུ་ཚོད་08བར། ཤིན་ཅང་གི་ནུབ་ཕྱོགས་དང་ཀན་སུའུ་ཡི་ཀན་ལྷོ། ཟི་ཁྲོན་གྱི་ནུབ་བྱང་ཕྱོགས་ཀྱི་ས་ཆ་འགར་དྲག་ཆར་དང་རླུང་ཆེན། ཡང་ན་སེར་བ་སོགས་འབྱུང་རྒྱུ་ཡིན་པ་རེད། 
         དེར་མ་ཟད། ཡུན་ནན་གྱི་ལྷོ་ནུབ་ཕྱོགས་དང་ཧའེ་ནན་ལྷོ་ཕྱོགས་ཀྱི་ས་འགར་དུས་ཡུན་ཐུང་ངུའི་ནང་ཆར་ཆེན་འབབ་རྒྱུ་ཡིན་པ་དང་། ཆུ་ཚོད་གཅིག་ནང་ཆར་པ་འབབ་ཚད་ཧའོ་སྨི་20ནས་50ཟིན་རྒྱུ་རེད། 
         གནོད་འཚེ་འགོག་སྲུང་གི་གྲོས་འཆར།
         1.ཐོག་བརྒྱབ་ནས་མི་ཤི་རྨས་དང་སྒྲིག་ཆས་ལ་གྱོང་གུན། མཁའ་འགྲུལ་སྐྱེལ་འདྲེན་ལ་གནོད་སྐྱོན་བཅས་བཟོ་ཉེན་ཡོད་པས། དོ་སྣང་བྱེད་དགོས།
         2.དུས་ཡུན་ཐུང་ངུའི་ནང་ཆར་ཆེན་བབས་ཏེ། རི་ཉིལ་བ་དང་འདམ་རྡོའི་ཆུ་རུད། གྲོང་ཁྱེར་དུ་འཁྱིལ་ཆུའི་གནོད་སྐྱོན་སོགས་འབྱུང་ཉེན་ཡོད་པས་གཟབ་དགོས། 
         3.དྲག་ཆར་དང་རླུང་ཆེན་གྱིས་སྤྱིལ་བུ་དང་བརྡ་ཁྱབ་བྱང་བུ་སོགས་པའི་དངོས་པོ་འཁྱེར་ལྷུང་དང་། བར་སྣང་མཐོངས་སུ་ལས་ཀ་བྱེད་པ་དང་། ཆུའི་ནང་དུ་ལས་ཀ་བྱེད་པ། མཚོ་འགྲུལ་བཅས་ཀྱི་ཐད་ལ་གནོད་སྐྱོན་མི་ཡོང་བའི་དོ་སྣང་བྱེད་དགོས། 
         4.སེར་བས་འབྲུ་རིགས་དང་ཞིང་ལས་ཡོ་བྱད་ལ་གནོད་སྐྱོན་བཟོ་ཉེན་ཡོད་པས། དོ་སྣང་དང་སྔོན་འགོག་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།