འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།དེང་རབས་སྒྱུ་རྩལ་མཁས་ཅན་བོད་ལ་བསྐྱོད་པའི་བརྩམས་ཆོས་འགྲེམས་སྟོན་འགོ་ཚུགས་
    ཤིང་། བརྩམས་ཆོས་150ལྷག་འགྲེམས་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་17ཉིན། 14:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དྲིལ་བསྒྲགས་པུའུ་ཡིས་མཛུབ་སྟོན་བྱས་པ་དང་། བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་པ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་ཤིང་། ཀྲུང་གུང་བོད་རང་སྐྱོང་ལྗོངས་སྙན་ཚིག་ཆ་ཡིག་སློབ་ཚོགས་ཀྱིས་གཉེར་འགན་ཁུར་བ་དང་། བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས་ཀྱིས་མཉམ་དུ་གཉེར་རོགས་བྱས་པའི"ཀྲུང་གོའི་ཕུགས་འདུན་མཚོན་པའི་ངོ་མཚར་རི་མོའི་བོད་བཅངས་བརྩེ་སེམས་དེང་རབས་སྒྱུ་རྩལ་མཁས་ཅན་བོད་ལ་བསྐྱོད་པའི་བརྩམས་ཆོས་འགྲེམས་སྟོན"ལྷ་ས་གྲོང་ཁྱེར་ཨའོ་ཐེ་ལེ་སི་རུ་བྱེད་འགོ་ཚུགས་པ་རེད། རྒྱལ་ཡོངས་ཀྱི་སྒྱུ་རྩལ་མཁས་ཅན་169ཡིས་ཐེངས་འདིའི་འགྲེམས་སྟོན་ལ་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་འགྲེམས་སྟོན་ནི་ཚེས་19ཉིན་བར་དུ་རྒྱུན་མཐུད་བྱ་རྒྱུ་ཡིན་པ་དང་། འགྲེམས་སྟོན་དུ་ཁྱོན་བསྡོམས་སྒྱུ་རྩལ་མཁས་ཅན་ཚོའི་བརྩམས་ཆོས་150ལྷག་འགྲེམས་སྟོན་བྱས་པ་དང་། བརྩམས་ཆོས་སུ་ཀྲུང་གོའི་སྲོལ་རྒྱུན་རི་མོ་དང་། ཀྲུང་གོའི་ཡིག་གཟུགས། རྫ་ཆས་རི་མོ་སོགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།