འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།གངས་ལྗོངས་ཀྱི"མཁའ་ལམ"ནས་བོད་ལྗོངས་ཀྱི་བཟོ་སྐྲུན་ཚན་རྩལ་གྱི་འཕེལ་རིམ་ལ་དཔྱད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་17ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲིའི་བར(གཤམ་དུ་བསྡུས་མིང་ལ་ལྷ་ཉིང་ལྕགས་ལམ་འབོད་རྒྱུ་ཡིན)ནི་མཚོ་བོད་མཐོ་སྒང་གི་ཤར་ལྷོ་རྒྱུད་དུ་གནས་པ་དང་། དེ་ནི་ཀྲུང་གོའི་ས་ཤུན་འགུལ་སྐྱོད་ཆེས་ཆེ་བའི་ས་ཁུལ་ཞིག་ཡིན་ཞིང་། ཆགས་གཞི་གྲུབ་ཚུལ་དང་ནང་གནས་འགུལ་ཤུགས་ཀྱི་ས་གཤིས་ནུས་པ་ཧ་ཅང་ཆེ་བ་དང་། ཁྱད་པར་དུ་བཟོ་སྐྲུན་གཙོ་བོ་བསམ་གྲུབ་གླིང་གི་ཕུག་ལམ་དང་གཙང་ཀ་ཕུག་ལམ་བཟོ་བའི་ཨར་ལས་བྱ་རིམ་དུ་སའི་དྲོད་ཚད་ཆེ་བ་དང་། བྲག་རྡོ་ཆེ་ཞིང་གས་སླ་བ། འཁྱགས་རིམ་བསགས་པ་སོགས་ཀྱི་ས་གཤིས་ཀྱི་དཀའ་གནད་འཕྲད་པ་རེད།
         ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་སྤྱི་ཁྱབ་བཀོད་འདོམས་པུའི་བཀོད་འདོམས་པ་གཞོན་པ་དང་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ་གཅིག་ལྕོགས་ཝང་རུའེ་ཡིས་(王睿)གཙང་ཀ་ཕུག་ལམ་གྱི་ས་གཤིས་ནི་རྙོག་འཛིང་ཧ་ཅང་ཆེ་བ་དང་། ཆུ་མང་འཕྱུར་བ། ས་རིམ་བྲག་རང་བཞིན་དུ་འགྱུར་བ་མང་བ། བསྐོར་རྡོའི་རང་བརྟན་ནུས་པ་ཧ་ཅང་ཞན་པ་བཅས་ཡིན་པ་དང་། དེའི་ཁྲོད་དུ་རིང་ཚད་ཡོངས་ལ་འཁྱགས་རིམ་བསགས་པ་སྨི་960ཡོད་པ་ནི་རྒྱལ་ཡོངས་ཀྱི་ལྕགས་ལམ་བཟོས་པའི་ལོ་རྒྱུས་ཐོག་ཐེངས་དང་པོ་ཐུག་པ་ཡིན་ཞེས་བསྟན་པ་རེད།
         དེ་དང་འདྲ་བར་ལྷ་ཉིང་ལྕགས་ལམ་ལམ་མཚམས་ཀྱི་བོད་ལྗོངས་ཀྱི་ལྕགས་ལམ་ཟམ་པ་རིང་ཤོས"གོང་དཀར་ཡར་ཀླུང་གཙང་པོའི་ཟམ་ཆེན"ནི་ཟླ་4ཚེས་29ཉིན་ལ་ཁྲོན་བོད་ལྕགས་ལམ“ཡར་ཀླུང་གཙང་པོ་བར་བརྒལ་དང་པོ”མངོན་འགྱུར་བྱུང་བ་རེད། ཟམ་པ་འཛུགས་སྐྲུན་ལ་སྤྱིན་ཆུ་མཐུད་སྦྱོར་གྱི་དམིགས་བསལ་བཟོ་རྩལ་བེད་སྤྱོད་བྱས་པ་དང་། སྨི་48ཅན་གྱི་ཟམ་གདུང་དུམ་བུ་སྐམ་འབྲེལ་མཐུད་སྦྱོར་བཟོ་རྩལ་ཀྲུང་གོའི་མཐོ་སྒང་དུ་ཐོག་མར་བེད་སྤྱོད་བྱས་པ་དེ་ནི་འཛམ་གླིང་གི་ཁྱབ་ཁོངས་སུའང་ཧ་ཅང་ཉུང་ཉུང་རེད།
         ཁྲོན་བོད་ལྕགས་ལམ་བཟོ་སྐྲུན་དང་། བོད་ལྗོངས་དབུས་རྒྱུད་ཀྱི་གློག་དྲ་མཐུད་འབྲེལ་ལས་གྲྭ་སོགས་གངས་ལྗོངས་སུ་འཛུགས་སྐྲུན་བྱེད་བཞིན་པའི་གཙོ་གནད་བཟོ་སྐྲུན་དུ་མའི་ནང་དུ་བོད་ལྗོངས་ཀྱི་བཟོ་སྐྲུན་ཚན་རྩལ་འགག་གནད་ལས་སྒྲོལ་བའི་མི་མངོན་པའི་ནུས་ཤུགས་ཧ་ཅང་ཆེན་པོ་ལྡན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།