འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་རྩལ་འགྲན་རྟ་རྩལ་རུ་ཁག་ལ་རྒྱལ་ཡོངས་རྟ་རྩལ་རྣམ་གྲངས་གསུམ་འགྲན་བསྡུར་
    གྱི་ཚོགས་པའི་ཨང་དང་པོ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་17ཉིན། 14:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་གནས་འཕྲིན་སྤེལ་མ་ཐག་པར་གཞིགས་ན། བོད་ལྗོངས་ཀྱི་རྩལ་འགྲན་རྟ་རྩལ་རུ་ཁག་གིས་ཉིན་གསུམ་རིང་གི་འབད་པ་ལྷོད་མེད་བྱས་མཐར། རེ་ཐེངས་གཅིག་ལ་2017ལོའི་རྒྱལ་ཡོངས་རྟ་རྩལ་རྣམ་གྲངས་གསུམ་འགྲན་བསྡུར་གྱི་ལེགས་སྐྱེས་འགྲན་ཚོགས་ཀྱི་ཚོགས་པའི་ཨང་དང་པོ་བླངས་ཤིང་། འདིས་བོད་ལྗོངས་ཀྱི་རྩལ་འགྲན་རྟ་རྩལ་རུ་ཁག་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་རྟ་རྩལ་རྣམ་གྲངས་གསུམ་འགྲན་བསྡུར་གྱི་རྟིང་རྩོད་འགྲན་བསྡུར་དུ་ཞུགས་ཐུབ་པ་མཚོན་ཡོད་པ་རེད།
           ཟླ་5ཚེས་12ཉིན་ནས་ཚེས་14ཉིན་བར། 2017ལོའི་རྒྱལ་ཡོངས་རྟ་རྩལ་རྣམ་གྲངས་གསུམ་འགྲན་བསྡུར་གྱི་ལེགས་སྐྱེས་འགྲན་ཚོགས་སམ་2017ལོའི"རྒྱལ་ཡོངས་ལུས་རྩལ་འགྲན་ཚོགསསྐབས་བཅུ་གསུམ་པའི"རྟ་རྩལ་རྣམ་གྲངས་གསུམ་འགྲན་བསྡུར་གྱི་ཐོབ་ཐང་འགྲན་བསྡུར་(འགྲན་ཚིགས་དང་པོ)ཅང་སུའུ་རུ་སྤེལ་ཞིང་། རྟ་རྩལ་རྣམ་གྲངས་གསུམ་གྱི་འགྲན་བསྡུར་ནི་རྟ་པ་དང་རྟ་གཉིས་མཉམ་སྡེབ་ངང་རྟ་རྩལ་རྣམ་གྲངས་གསུམ་གྱི་འགྲན་བསྡུར་ལ་ཞུགས་དགོས་པ་སྟེ། དེ་དག་ནི་གཟབ་འཆོར་གོམ་སྟབས་འགྲན་བསྡུར་དང་། ལྗོངས་ཕྱིའི་རྒྱུག་རྩལ་འགྲན་བསྡུར། འགྲན་རའི་ཡོལ་མཆོང་འགྲན་བསྡུར་བཅས་གསུམ་ཡིན་པ་རེད། བོད་ལྗོངས་རྩལ་འགྲན་རྟ་རྩལ་རུ་ཁག་གིས་རེ་ཐེངས་གཅིག་ལ་འགྲན་ཚན་འདིའི་ཚོགས་པའི་འགྲན་བསྡུར་གྱི་ཨང་དང་པོ་བླངས་པས། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་རྟ་རྩལ་རྣམ་གྲངས་གསུམ་འགྲན་བསྡུར་གྱི་རྟིང་རྩོད་འགྲན་བསྡུར་ནང་བདེ་བླག་ངང་ཞུགས་པའི་ཐོབ་ཐང་རག་ཡོད་པ་རེད། གཞན་ད་དུང་། རྟ་པ་སྤེན་པ་ཚེ་རིང་གི་ངོམ་སྟོན་ཁྱད་དུ་འཕགས་པས་སྒེར་གྱི་འགྲན་བསྡུར་ནང་ཨང་གཉིས་པ་བླངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།