འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཞི་ལིའུ་ཀྲོའུ་རུ་མཚན་མོར་དྲག་ཆར་བབས་ཏེ་སྲང་ལམ་ཚང་མར་ཆུ་འཁྱིལ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་17ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཀོང་ཞི་ལིའུ་ཀྲོའུ་རུ་མཚན་མོར་དྲག་ཆར་བབས་ཏེ་སྲང་ལམ་ཚང་མར་ཆུ་འཁྱིལ་ཡོད་པ།
           མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་14ཉིན་ནས་ཚེས་15ཉིན་གྱི་ཞོགས་པ་བར་དུ། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་སུ་དྲག་ཆར་བབས་ཏེ་ལིའུ་ཀྲོའུ་གྲོང་ཁྱེར་གྱི་ལིའུ་ཅང་གཙང་པོའི་ཁུལ་ལཱ་པུའུ་གྲོང་རྡལ་ལི་གོ་ལམ་དུམ་དུ་འཁྱིལ་ཆུའི་གནོད་སྐྱོན་ཚབས་ཆེན་བྱུང་ཞིང་། ཁྲོམ་སྲང་དུ་གཙང་ཆུ་ལྟ་བུ་རྒྱུག་ནས་མང་ཚོགས་ཕྱིར་བགྲོད་དུས་ཆུ་བརྒལ་ནས་འགྲོ་དགོས་བྱུང་བ་རེད།
           ས་གནས་དེ་གའི་ཆུ་བེད་སྡེ་ཁག་གིས་བརྡ་འཕྲིན་སྤེལ་ནས། ཚེས་15ཉིན་གྱི་ཆུ་ཚོད་08:00སྔོན་གྱི་ཆུ་ཚོད་12ནང་། གྲོང་ཁྱེར་དེ་གའི་ཤང་དང་གྲོང་རྡལ་69ལ་དྲག་ཆར་དང་དྲག་ཆར་ཆེན་པོ་བབས་པ་དེ་ནི་ད་ལོར་གྲོང་ཁྱེར་དེ་གར་དྲག་ཆར་དང་དྲག་ཆར་ཆེན་པོ་བབས་ཚད་ཆེ་ཤོས་ཤིག་རེད་ཅེས་བརྗོད་ཡོད་པ་རེད།
    【1】  【2】  【3】  【4】
    ༄༅།།ཀོང་ཞི་ལིའུ་ཀྲོའུ་རུ་མཚན་མོར་དྲག་ཆར་བབས་ཏེ་སྲང་ལམ་ཚང་མར་ཆུ་འཁྱིལ་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།