འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ལྗོངས་ཡོངས་སུ་ཁོར་ཡུག་སྲུང་སྐྱོང་སྐོར་སྐྱོད་ལྟ་ཞིབ་ལོ་གསུམ་རེར་རེས་
    འཁོར་རེ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་17ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་11ཉིན། བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་སྐུལ་སློང་ཚོགས་འདུ་ལྷ་ས་གྲོང་ཁྱེར་དུ་འཚོགས་ཤིང་། ད་ལོའི་བོད་རང་སྐྱོང་ལྗོངས་ཀྱི་ལྗོངས་རིམ་པའི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དམིགས་ཡུལ་དང་ལས་འགན་དང་། ལྟ་ཞིབ་བྱ་རིམ། ལྟ་ཞིབ་ཕན་ནུས་སོགས་ལས་དོན་གཙོ་བོ་བཀོད་སྒྲིག་བྱས་པ་རེད། འདི་ཡིས་བོད་རང་སྐྱོང་ལྗོངས་ཀྱི་ལྗོངས་རིམ་པའི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་རྐྱེན་སྲོལ་ཕྱོགས་ཡོངས་ནས་བཙུགས་ཟིན་པ་དང་། ལྗོངས་ཡོངས་སུ་ལོ་གསུམ་རེར་རེས་འཁོར་རེ་བྱ་རྒྱུའི"ཁོར་ཡུག་སྲུང་སྐྱོང་སྐོར་སྐྱོད་ལྟ་ཞིབ"དངོས་སུ་ལག་བསྟར་བྱེད་འགོ་ཚུགས་པ་མཚོན་པ་རེད།
         《བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་2017ལོའི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་ཇུས་གཞི་》ཡི་ཞིབ་ཕྲའི་བཀོད་སྒྲིག་ལ་གཞིགས་ན། ད་ལོར་བོད་རང་སྐྱོང་ལྗོངས་ཀྱིས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་2བཙུགས་ནས་ཁག་བགོས་ཀྱིས་ལྷ་ས་གྲོང་ཁྱེར་དང་གཞིས་ཀ་རྩེ་གྲོང་ཁྱེར་དུ་ལྟ་ཞིབ་བྱ་རྒྱུ་རེད། ལྟ་ཞིབ་ཚོགས་ཆུང་ཟླ5པའི་ཟླ་དཀྱིལ་དུ་འབྲེལ་ཡོད་ཀྱི་གྲོང་ཁྱེར་དང་ས་ཁུལ་དུ་བཅའ་སྡོད་བྱ་རྒྱུ་ཡིན་པ་དང་། བཅའ་སྡོད་བྱ་རྒྱུའི་དུས་ཡུན་ཉིན15ཡས་མས་ཡིན་ཞིང་། ལྟ་ཞིབ་བྱས་པ་བརྒྱུད་ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་བྱས་ཚུལ་དང་། ཁོར་ཡུག་གི་གནད་དོན་འབུར་ཐོན་ཅན་ཐག་གཅོད་བྱས་ཚུལ། ཁོར་ཡུག་སྲུང་སྐྱོང་གི་གཙོ་གནད་ལས་དོན་ལ་སྐུལ་སྤེལ་བཏང་ཚུལ། ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱས་ཚུལ་བཅས་གཙོ་གནད་དུ་བཟུང་ནས་ཤེས་རྟོགས་བྱ་དགོས་པ་དང་། ལྟ་ཞིབ་བྱ་ཡུལ་ས་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་དང་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་དགོས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་དང་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་སྐུལ་སྤེལ་གཏོང་རྒྱུའི་ལམ་ལུགས་དང་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་དང་། དེ་ནི"ཆབ་སྲིད་སྐོར་སྐྱོད་ལྟ་ཞིབ"ཁྲོད་ཀྱི"ཁོར་ཡུག་སྐོར་སྐྱོད་ལྟ་ཞིབ"རེད། བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་གཞུང་ལས་ཁང་གིས"ཞིབ་བསྡུར་བདུན"གྱིས་དམིགས་ཡུལ་དང་ལས་འགན་ཁ་གསལ་བྱ་རྒྱུ་དང་། "རྒྱུན་འཁྱོངས་ལྔ"ཡིས་ལྟ་ཞིབ་བྱ་རིམ་ཚད་ལྡན་དུ་གཏོང་རྒྱུ། "ཁོང་དུ་ཆུད་པ་གསུམ"གྱིས་ལྟ་ཞིབ་ཕན་ནུས་འགན་ལེན་ཏན་ཏིག་བྱ་རྒྱུ་བཅས་ཀྱི་ལས་སྒྲུབ་ཇུས་གཞི་གཏན་འབེབས་བྱས་ནས་བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་རྐྱེན་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།