འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་ལས་ཁུངས་ཀྱིས་གཞུང་ཞབས་པ་ཡོངས་གྲགས་གདམ་གསེས་དང་བདམས་གསེས་སྐོང་
    འཐེན་གྱི་ལས་ཀ་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་10ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཀྲུང་དབྱང་རྩ་འཛུགས་པུའུ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་ཁབ་གཞུང་ཞབས་པ་ཅུས་བཅས་ནས་ཤེས་རྟོགས་བྱུང་གསལ་དུ། 2017ལོའི་ཀྲུང་དབྱང་ལས་ཁུངས་ཀྱི་གཞུང་ཞབས་པ་ཡོངས་གྲགས་གདམ་གསེས་དང་ཡོངས་གྲགས་བདམས་གསེས་སྐོང་འཐེན་གྱི་ལས་ཀ་དངོས་སུ་སྒྲུབ་འགོ་ཚུགས་ཤིང་། ཟླ་5ཚེས་10ཉིན། མི་དམངས་དྲ་བ་དང་། གུང་ཁྲན་ཏང་ཡོན་དྲ་བ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་དྲ་ཚིགས། རྒྱལ་ཁབ་གཞུང་ཞབས་པ་ཅུས་ཀྱི་དྲ་ཚིགས། ཀྲུང་གོའི་རྩ་འཛུགས་པུའུ་ཡི་མི་དོན་ཚགས་པར། ཀྲུང་གོའི་ངལ་རྩོལ་འགན་སྲུང་ཚགས་པར་སོགས་ཀྱི་འབྲེལ་ཡོད་སྨྱན་སྦྱོར་ནས་2017ལོའི་ཀྲུང་དབྱང་ལས་ཁུངས་ཀྱི་ཡོངས་གྲགས་གདམ་གསེས་དང་ཡོངས་གྲགས་བདམས་གསེས་སྐོང་འཐེན་གྱི་གཞུང་ཞབས་པའི་བརྡ་ཁྱབ་དང་ལས་གནས་ཆ་འཕྲིན་སྤེལ་རྒྱུ་ཡིན་པ་རེད། ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གི་གཞུང་ཞབས་པ་གཙོ་སྐྱོང་སྡེ་ཁག་དང་། འབྲེལ་ཡོད་སྡེ་ཁག་དག་གིས་འབྲེལ་ཡོད་དྲ་ཚིགས་སུ་བརྒྱུད་འགོད་བྱོས།
          མཚམས་སྦྱོར་བྱས་པར་གཞིགས་ན། ཐེངས་འདིའི་ཡོངས་གྲགས་གདམ་གསེས་དང་ཡོངས་གྲགས་བདམས་གསེས་སྐོང་འཐེན་དུ་ཁྱོན་བསྡོམས་ཀྲུང་དབྱང་ལས་ཁུངས་56ཞུགས་ཡོད་ལ། འཆར་གཞི་ལ་ལྟར་ན་གཞུང་ཞབས་པ་360དཔྱད་འདེམས་བསྐོ་བཞག་བྱ་རྒྱུ་ཡིན་པ་རེད། ཡོངས་གྲགས་གདམ་གསེས་ཀྱི་ལས་གནས་ནི་ཁྲུའུ་ཀྲང་གཞོན་པ་དང་། བརྟག་དཔྱད་ཞིབ་འཇུག་པ། བརྟག་དཔྱད་ཞིབ་འཇུག་པ་གཞོན་པ། ཀྲུའུ་རེན་ཁོའོ་ཡོན། དེའི་གཤམ་གྱི་ལས་གནས་སོགས་ཁྱོན་བསྡོམས་342ཡོད་ལ། ཡོངས་གྲགས་གདམ་གསེས་ཀྱི་ལས་གནས་བརྟག་དཔྱད་ཞིབ་འཇུག་པ་གཞོན་པ་ཡིན་པ་18ཡོད་པ་རེད། ཐོ་འགོད་ནི་རང་ཉིད་ཀྱི་འདོད་མོས་བཞིན་དུ་བྱེད་པ་དང་རྩ་འཛུགས་ཀྱིས་ངོ་སྦྱོར་བྱེད་པ་གཉིས་ཟུང་དུ་སྦྲེལ་བ་ཡིན་ཞིང་། ཐོ་འགོད་དུས་ཚོད་ནི་2017ལོའི་ཟླ་5ཚེས་11ཉིན་ནས་ཟླ་5ཚེས་22ཉིན་བར་ཡིན་ལ། ཡིག་རྒྱུགས་དུས་ཚོད་ནི་2017ལོའི་ཟླ་6ཚེས་25ཉིན་(གཟའ་ཉི་མ)ཡིན་པ། ཡིག་རྒྱུགས་ནི་རིམ་དབྱེ་རིགས་དབྱེ་ངང་སྤེལ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།